དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་ས་ཆའི་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུ་འགན་ལེན་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-14

    ཉེ་ཆར། གསར་འགོད་པར“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱིས་ས་ཆའི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པའི་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས“སྲུང་སྐྱོང་དང་འགན་ལེན་གལ་ཆེ་མཉམ་འཛིན་དང་ཞབས་ཞུ་དང་ལྟ་འདོམས་མཉམ་སྤེལ”གྱི་རྩ་དོན་མཐའ་འཁྱོངས་ཀྱིས་བཀོད་པ་ལེགས་གཏོང་དང་། ས་ཆ་བེད་སྤྱོད་ལ་འགན་ལེན། ཕན་ནུས་ཆེར་གཏོང་སོགས་ཐད་ནས་ས་ཆའི་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུའི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱིས་ཁྱོན་འཛུགས་སྐྲུན་ས་ཆ་མུའུ་ཁྲི་40.38ལ་ཆོག་མཆན་སྤྲད་པ་དང་གཞུང་ཁོངས་འཛུགས་སྐྲུན་ས་ཆ་མུའུ་ཁྲི་40.84མཁོ་སྤྲོད་བྱས་པས། ཆོག་མཆན་སྤྲད་པའི་ས་ཆ་དང་མཁོ་སྤྲོད་བྱས་པའི་ས་ཆའི་སྤྱི་འབོར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    ས་ཆའི་རྒྱུ་རྐྱེན་གཙོ་བོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་ལས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་གཞུང་ལམ་དང་།ལྕགས་ལམ། མཁའ་འགྲུལ་སོགས་སྐྱེལ་འདྲེན་བྱེད་ཐབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་ཞིག་བསྐྲུན་ཏེ། དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུ་མང་པོ་མགྱོགས་མྱུར་བསྐྲུན་པར་སྐུལ་འདེད་ཐེབས་པ་མ་ཟད། ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། ས་མཐོའི་ཡང་བའི་བཟོ་ལས་སོགས་ཀྱི་དེང་རབས་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་བར་སྐུལ་འདེད་ཐེབས་ནས་བོད་ཀྱི་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    ད་ལོའི་བོད་ཀྱི་རྨོ་ཞིང་བཟུང་གསབ་དོ་སྙོམས་ལས་དོན་དོན་འཁྱོལ་བྱས་ཚུལ་ཐད་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་དོན། ད་ལོ་བོད་ཀྱིས་ཐོག་མཐའ་བར་གསུམ་དུ“སྤུས་ལེགས་རྨོ་ཞིང་སླར་གསོ་གཙོ་བོར་བྱེད་པ་དང་རྨོ་ཞིང་གསར་སྦོལ་གཞོགས་འདེགས་སུ་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་བླང་བྱ་དོན་འཁྱོལ་ཞིབ་ཚགས་བྱས་ནས་ཞིང་ལས་མིན་པའི་འཛུགས་སྐྲུན་དང་། ཞིང་ལས་གྲུབ་ཆ་ལེགས་སྒྲིག ནགས་བཟོ་ཤིང་འཛུགས་སོགས་ཀྱིས་རྨོ་ཞིང་བཟུང་བའི་བྱ་སྤྱོད་དག་རྨོ་ཞིང་བཟུང་གསབ་དོ་སྙོམས་ཀྱི་དོ་དམ་ནང་བཅུག་ཡོད། འཛུགས་སྐྲུན་ས་སྤྱོད་ཀྱི་སྔོན་ཚུད་འདྲི་ཞིབ་དང་ས་ཆ་འདེམས་པའི་ལྷུ་ཚིགས་ལ་ཚོད་འཛིན་ནན་པོ་བྱས་ཏེ། “སྔོན་གསབ་རྗེས་བཟུང་དང་ལེགས་བཟུང་ལེགས་གསབ”ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཁ་གསབ་བྱས་པའི་རྨོ་ཞིང་ཡུན་རིང་བེད་སྤྱོད་བརྟན་པོ་ཐུབ་པའི་འགན་ལེན་བྱས་ཡོད། མིག་སྔའི་བར་བོད་དུ་འཛུགས་སྐྲུན་གྱིས་བཟུང་བའི་རྨོ་ཞིང་གི་རྒྱ་ཁྱོན་མུའུ་ཁྲི་0.52ཟིན་པ་ཚང་མ་བཟུང་གསབ་དོ་སྙོམས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།