དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བརྟན་ཐོག་ཡར་འཕེལ་གྱི་དཔལ་འབྱོར་འཕེལ་ཕྱོགས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།

    —— ཚོགས་ཞུགས་བློ་མཐུན་ཚོས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ལིའུ་ཀྲི་ཆང་། ལུའོ་ཧྲན་ཧྲན། ཀུའུ་ཡེ་ཁའེ།   |     སྤེལ་དུས།  2025-12-14

    ཟླ་12ཚེས་10དང་ཚེས་11ཉིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་ནས། 2025ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ། 2026ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    ཚོགས་འདུའི་རིང་། ཚོགས་ཞུགས་བློ་མཐུན་ཁག་གཅིག་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུས་ཤིང་། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་ཚུགས་གནས་མཐོ་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ཏེ། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད།

    ད་ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ལོ་གཅིག་རིང་། ཀྲུང་གོའི་དཔལ་འབྱོར་གྱིས་གནོན་ཤུགས་ཆེན་པོའི་ཁྲོད་མདུན་སྐྱོད་དང་། གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་བཏང་བས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བདེ་བླག་ངང་ལེགས་གྲུབ་འབྱུང་ཉེར་ཡོད། འདས་ཟིན་པའི་ལོ་ལྔའི་ནང་། ང་ཚོས་རྡབ་རྡེག་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གང་ལེགས་བཅག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པར་སྐུལ་འདེད་བཏང་བ། “ལོ་ལྔ་ཚན་བཅུ་བཞི་པ”བདེ་བླག་ངང་མཇུག་བསྡུ་ཉེར་ཡོད་པ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་ལམ་གསར་པའི་འགོ་ཡག་པོ་བཙུགས་པ་བཅས་བྱས་ཡོད།

    གྲུབ་འབྲས་དེ་དག་ལས་སླ་པོར་ཐོབ་པ་ཞིག་མིན་པས། ང་ཚོས་གཅེས་སྤྲས་དེ་བས་ཡག་པོ་བྱེད་དགོས།

    “འདས་ཟིན་པའི་ལོ་གཅིག་ནང་། ང་ཚོས་བབ་བརླིང་ངང་ཕྱི་ཕྱོགས་ཀྱི་སྐོར་སྐྱིལ་དང་བཀག་འགོག་ལ་ཁ་གཏད་བཅག་པས། ནང་མཁོ་རྒྱ་སྐྱེད་གཏོང་བའི་རང་འགུལ་དམག་འཐབ་དང་། ཐོན་སྐྱེད་ནུས་ཤུགས་གསར་མའི་འགག་སྒྲོལ་དམག་འཐབ། ཉེན་ཁའི་མཐའ་ཚད་བརྟན་སྲུང་གི་དམག་འཐབ།དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་རྒྱུན་སྲིང་དམག་འཐབ་བཅས་ལ་རྒྱལ་ཁ་ཐོབ་ཡོད། ‘གཏན་འཁེལ་གཉིས’ནི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གདིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པ་ལག་ལེན་དངོས་ནས་ར་སྤྲོད་བྱུང་ཡོད”ཅེས་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཤའོ་མིང་གིས་བརྗོད།

    ཧྲན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ཐང་ཏེང་ཅེ་ཡིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་བ་དང་སྤྱི་ཡོངས་ཀྱི་འཐབ་ཇུས་སྟངས་འཛིན་གནང་ནས་ང་ཚོའི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པའི་དོན་ཆེན་དང་བྱ་བ་གལ་ཆེན་མང་པོ་བསྒྲུབས་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་ཆར་རླུང་ལ་མི་སྐྲག་པར་རླབས་གཤགས་ཁྲོད་མདུན་སྐྱོད་བྱས་པར་བརྟན་སྲ་ཞིང་བརྟན་པའི་རང་བཞིན་དང་གསོན་ཤུགས་ཆེན་པོ་མངོན་ཡོད” ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིད་སྟོན་གནང་བ་དེ་རེད་ཅེས་བརྗོད།

    སང་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་ལོ་ཡིན་པས། དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བ་ཞིག་རེད། “བརྟན་ཐོག་ཡར་འཕེལ་དང་སྤུས་འབྲས་ལེགས་གཉེར་མཐའ་འཁྱོངས་བྱེད་དགོས་པ”དང“དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་དགོས་པ” “འོས་མཚམས་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་དགོས་པ”སོགས་ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་ལས་དོན་ཇི་ལྟར་བསྒྲུབ་དགོས་ལུགས་ཁ་གསལ་བཏོན་ཡོད།

    ནོར་སྲིད་པུའི་པུའུ་ཀྲང་ལན་ཧྥོ་ཨན་གྱིས“སང་ལོའི་ནོར་སྲིད་སྲིད་ཇུས་དང་2025ལོའི་སྲིད་ཇུས་འཛིན་ཕྱོགས་རྒྱུན་སྲིང་ལག་བསྟར་བྱེད་པ་ནི་ཕྱི་ཕྱོགས་ཀྱི་རྡབ་རྡེག་དང་ནང་ཁུལ་གྱི་ཉེན་ཁའི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད” དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་ལེན་བསྟར་བར་སྲིད་ཇུས་ཀྱི་ཤུགས་ཚད་དང་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། དངོས་པོར་མ་འཇོག་དང་མི་ལ་མ་འཇོག་གཉིས་ཟུང་འབྲེལ་དམ་ཟབ་དང་། དམངས་འཚོར་ཕན་འདོགས་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ། ནོར་སྲིད་ཀྱི་དངུལ་ལོར་སྲིད་ཇུས་ཕན་ཚུན་མཐུན་སྦྱོར་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “ནོར་སྲིད་སྡེ་ཚན་གྱིས་ཚོགས་འདུའི་དགོངས་དོན་དང་ཡང་ཡང་བསྡུར་ནས་སང་ལོའི་སྔོན་རྩིས་ཀྱི་འཆར་གཞི་ཡག་པོ་བཟོ་བ་དང་སྲིད་ཇུས་ལག་བསྟར་ལ་དམ་འཛིན་ཡག་པོ་བྱས་ཏེ། ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དོན་འཁྱོལ་དང་དེར་ཕན་འབྲས་ཐོབ་པའི་འགན་ལེན་བྱེད་ཀྱི་ཡིན”ཞེས་བརྗོད།

    སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་དགོས་ན། ས་གནས་ཁག་ལ་གནད་འགག་དམ་འཛིན་དང་གཙོ་གནད་འབུར་ཐོན་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་འདོན་དགོས།

    ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཀུང་ཀྲེང་གིས་གསར་འགོད་པར“ཧྲང་ཧའེ་ཡིས་ཀྲུང་དབྱང་གིས་བསྒྲུབ་རྒྱུར་སྤྲད་པའི་འཐབ་ཇུས་ལས་འགན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་སྣེ་འདྲེན་སྐུལ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་གྱི་ཡིན” སང་ལོ་ཧྲང་ཧའེ་ཡིས“ལྟེ་གནས་ལྔ”བསྐྲུན་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས“ཤུགས་རྒྱག་པ་ལྔ”ཧུར་ཐག་བྱེད་པ་སྟེ། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་ནུས་ལྡན་ངང་འདོན་པར་སྐུལ་འདེད་ཧུར་ཐག་བཏང་ནས་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་དང་ཤོང་ཚད་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་གཏོད་རྒྱུ། ཆུ་ཚད་མཐོ་བའི་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་རྒྱུ། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་དམངས་སེམས་འདུ་འགོད་དང་དམངས་འཚོའི་བྱ་བ་དངོས་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱ་རྒྱུ་བཅས་རེད།

    སང་ལོའི་དཔལ་འབྱོར་ལས་དོན་གྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་གཏན་འཁེལ་བྱས་ཟིན་པས། ལས་འགན་དཀའ་ཚེགས་ཆེ་བ་དང་དོན་སྙིང་གལ་ཆེན་ལྡན་ཡོད། ཚོགས་ཞུགས་བློ་མཐུན་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་གདེང་ཚོད་བརྟན་གཏོང་དང་། ལེགས་ཆ་བེད་སྤྱོད། འགྲན་སློང་ལ་ཁ་གཏད་ཡག་པོ་གཅོག་པ་བཅས་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་དཔལ་འབྱོར་འཕེལ་ཕྱོགས་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།