དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གྲོང་ཁྱེར་འཚོ་བའི་སྐྱིད་སྣང་དང་སྒྲིག་ལམ་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཆི་ཡུས་ཁུན།   |     སྤེལ་དུས།  2025-12-13

    ཉེ་དུས། མཚོ་སྔོན་ཟི་ལིང་གྲོང་ཁྱེར་དོ་དམ་སྡེ་ཚན་གྱིས་སྐོར་སྐྱོད་ཁྲོམ་སྟོན་ཚོང་པ་ལ་སྟབས་བསྟུན་དོ་དམ་བྱས་པར་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། ལམ་བཟུང་ཚོང་གཉེར་དང་སྒྲིག་ལམ་ཟང་ཟིང་བཟོ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ས་གནས་དེ་གས་རང་འགུལ་ངང་སྔོན་ཚུད་ཞབས་ཞུ་བསྒྲུབས་ཏེ་གཙོ་གནད་ལམ་དུམ་དང་ཚོང་སྐོར་དང་ཁྲོམ་གཞུང་ཁུལ་དུ“མཚོ་རླབས་ཁྲོམ་བཀྱག”དང“དུས་བཅད་ཁྲོམ་བཀྱག”བཀོད་སྒྲིག་བྱས་ཏེ། ཁྲིམས་སྒྱུར་རུ་མི་དང་ཁྲོམ་སྟོན་ཚོང་པའི་དབར“རང་འདེད་ངས་བྲོས”ནས“ཞི་མཐུན་མཉམ་གནས”ཀྱི་རྣམ་པར་བསྒྱུར་ཡོད། ཁྲིམས་སྒྱུར་གསར་གཏོད་དང་དམངས་ཕན་ཞབས་ཞུ་མཉམ་དུ་བསྒྲུབས་ནས་ཁ་གཏད་དུ་ལངས་པའི་བསམ་བློ་དང་འགལ་བ་དང་གདོང་གཏུག་བསལ་ཏེ་གྲོང་ཁྱེར་སྔར་བས་དྲོ་སྐྱིད་ལྡན་པར་བྱས་ཡོད།

    གྲོང་ཁྱེར་དོ་དམ་ནི་གྲོང་ཁྱེར་ཤེས་དཔལ་མངོན་པའི་མེ་ལོང་ལྟ་བུ་ཞིག་ཡིན་པས་མང་ཚོགས་ཀྱི་འཚོ་བ་དང་། གྲོང་ཁྱེར་གྱི་གཟུགས་བརྙན། སྤྱི་ཚོགས་ཞི་མཐུན་བཅས་དང་འབྲེལ་བ་དམ་ཟབ་ཡོད། དུས་ཡུན་རིང་པོའི་ནང་། དྲ་བའི་ཐོག་ཁྲིམས་སྒྱུར་རུ་མི་དང་སྐོར་སྐྱོད་ཁྲོམ་སྟོན་ཚོང་པའི་དབར་ཞལ་གད་རྣམ་པའི་“ཞི་མི་དང་ཙི་ཙིའི་རོལ་རྩེད”ལྟ་བུ་མང་པོ་བཏོན་ཡོད། ཕྱོགས་གཅིག་ནས་ལམ་བཟུང་ཚོང་གཉེར་བྱེད་སྟངས་དེས་འགྲིམ་འགྲུལ་འགག་པ་མ་ཟད། གྲོང་ཁྱེར་གྱི་སྒྲིག་ལམ་ཡང་ཟང་ཟིང་བཟོ་གི་ཡོད། ཕྱོགས་གཞན་ཞིག་ནས་ཁྲོམ་གཞུང་དུ་བཏོན་པའི་དམངས་ཕན་ཞབས་ཞུའི་ཁྲོམ་བཀྱག་དེ་དག་དམངས་འཚོའི་དགོས་མཁོ་དང་གྲོང་ཁྱེར་གྱི་རྒྱུན་ལྡན་འཚོ་བ་དང་འདྲེས་ཡོད་པ་མ་ཟད། མི་སེར་གྱི་ལྟོ་གོས་དང་ཡང་འབྲེལ་བ་དམ་ཟབ་ཡོད། དེས་ན་ཁྲིམས་སྒྱུར་སྡེ་ཚན་གྱིས་དོ་དམ་དང་ཞབས་ཞུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་གྲོང་ཁྱེར་འཚོ་བའི་སྐྱིད་སྣང་དང་སྒྲིག་ལམ་མཐུན་སྦྱོར་མཉམ་འདྲེས་ཇི་ལྟར་ཐུབ་དགོས་མིན་དེས་བཅོས་སྐྱོང་གི་བློ་གྲོས་ལ་ཚོད་བགམ་ལེན་བཞིན་ཡོད།

    ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག “གྲོང་ཁྱེར་བཅོས་སྐྱོང་གི་འདུ་ཤེས་དང་། བྱེད་སྟངས། བྱ་ཐབས་བཅས་གསར་གཏོད་བྱེད་དགོས”ཞེས་བཏོན་ཡོད། གྲོང་ཁྱེར་བཅོས་སྐྱོང་ནི་ཞིབ་ཚགས་པའི་བྱ་བ་ཞིག་ཡིན་པས་ངེས་པར་དུ་སྙིང་རུས་ཆེན་པོས་བསྒྲུབ་དགོས། “མཚོ་རླབས་ཁྲོམ་བཀྱག”སོགས་བཀོད་སྒྲིག་བྱེད་དོན་ནི་དེས་དོ་དམ་གྱི་དཀའ་གནད་བསལ་བ་ཙམ་མ་ཟད། གྲོང་ཁྱེར་གྱི་གསོན་ཤུགས་ཀྱང་འཕེལ་བས་རེད། ཁྲིམས་སྒྱུར་པའི་ངོས་ནས་བརྗོད་ན། དོ་ནན་པའི་སྒྲིག་སྲོལ་དང་བཙན་ཤེད་རང་བཞིན་གྱི་བྱེད་ཐབས་ཙམ་གྱིས་མ་འགྲིག་པར་སྟབས་བསྟུན་གྱི་ཁྲིམས་སྒྱུར་བྱ་ཐབས་སོགས་ནས་བསམ་གཞིག་བྱས་ཏེ་རྩ་དོན་དང་བྱེད་སྟངས་ལ་སྣང་ཆེན་གྱིས། སྒྲིག་ལམ་དང་དྲོ་སྐྱིད་གཉིས་ལྡན་གྱི་གྲོང་ཁྱེར་བཅོས་སྐྱོང་གི་ཕན་འབྲས་ཀྱིས་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པར་བྱེད་དགོས།

    སྟབས་བསྟུན་ཁྲིམས་སྒྱུར་ཡག་པོ་བྱེད་པར་གཞི་རིམ་དུ་ཟབ་སྐྱོད་དང་དམངས་ཀྱི་སྐད་ཆ་དང་བསམ་འདུན་མང་ཙམ་ཉན་དགོས། “བཅོས་སྐྱོང་གི་རྩ་བ་དམངས་སེམས་བདེ་ལ་འཁོད་རྒྱུ་དེ་ཡིན” དོན་དངོས་ནས་འགོ་འཛུགས་པ་དང་དམངས་འདུན་བསྡུ་ལེན་བྱས་ཏེ་ཐུན་མོང་ངོས་འཛིན་གཅིག་འགྲིལ་དང་སྤྱོད་གོ་ཆོད་པའི་ཐག་གཅོད་བྱ་ཐབས་བཟོས་ཚེ་གཞི་ནས་བྱ་བ་བཟང་པོ་ཡག་པོ་བསྒྲུབས་ནས་གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པར་གྱུར་ཐུབ། ཅང་ཤིས་ཀན་ཀྲོའུ་གྲོང་ཁྱེར་ཀྲང་ཀུང་ཆུས་ཀྱི་ཀན་ཅང་ཁྲོམ་གཞུང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཆེན་གྱིས་བཅར་འདྲི་དང་གྲལ་བཤེར་བྱེད་སྐབས་ཁོངས་གཏོགས་ཁུལ་དུ་དར་མ་དང་རྒན་རྒོན་ཁག་གཅིག་གིས་རང་ཐོན་སྔོ་ཚལ་བཙོངས་ནས་འཚོ་བ་སྐྱེལ་གྱི་ཡོད། ཁྱོམ་བཀྱག་གི་རིན་གོང་མཐོ་བས་རྒྱུན་ལྡན་ལམ་འགྲམ་དུ་འཚོང་གི་ཡོད། བརྟག་ཞིབ་གང་ལེགས་བྱེད་པ་དང་ཉེ་འཁོར་གྱི་གྲོང་མིའི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་བརྒྱུད་ཁྲོམ་གཞུང་དུ“གལ་སྲིད་ངས་ཁྲོམ་བཀྱག་སྤྱད་ཚེ”ཞེས་པའི་སྟབས་བསྟུན་གྱི་ཁྲིམས་སྒྱུར་བྱེད་སྟངས་དེས་རང་ཐོན་རང་འཚོང་གི་ཁྲོམ་བཀྱག་འདོན་མཁན་ལ་གནས་གཏན་འཁེལ་གྱི་ཁྱོམ་བཀྱག་འདོན་ས་བྱུང་ནས་ཚོང་གཉེར་སྟབས་བདེ་དང་མང་ཚོགས་ཀྱི་དགོས་མཁོའི་དབར་དོ་སྙོམས་བྱུང་ཡོད་པ་རེད།

    སྟབས་བསྟུན་ཁྲིམས་སྒྱུར་ཡག་པོ་བྱེད་པར་ད་དུང་བློ་བསྡུས་དགེ་འཚོལ་གྱིས་བྱེད་སྟངས་དང་ཐབས་ཤེས་ལ་སྣང་ཆེན་བྱེད་དགོས། གྲོང་ཁྱེར་ནི་ཐུན་མོང་གི་ཁྱིམ་གཞིས་ཡིན་པས་དོ་དམ་བྱེད་པར་འབྲེལ་ཡོད་སྡེ་ཚན་གཅིག་པུར་བརྟེན་ན་ཡོང་ཐབས་བྲལ། ཁྲིམས་སྒྱུར་པས་ཁྲིམས་སྒྱུར་བྱེད་ཤུགས་འགན་ལེན་བྱེད་པ་དང་སྦྲགས་སྐོར་སྐྱོད་ཁྲོམ་བཀྱག་གི་སྟབས་བསྟུན་ཚོང་གཉེར་དུས་མཚམས་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་ཏེ་དམ་ལྷོད་འཚམ་པ་དང་སྟངས་འཛིན་རན་པོ་བྱེད་པ་དང་འཚང་ཡོལ་དམངས་ཕན་བྱེད་པ་དང་། སྡེ་ཁུལ་གྱི་དང་བླངས་པས་གྲོང་ཁྱེར་དོ་དམ་གྱི་དཔུང་ཁག་ལ་ཞུགས་ནས་ཁྲོམ་སྲང་ཁ་ཏ་སློབ་སྟོན་དང་ཁོར་ཡུག་གཙང་སྦྲ་སོགས་ཀྱི་བྱེད་སྒོར་ཞུགས་ཏེ“མཉམ་སྡོམ་མཉམ་བཅོས”ཀྱི་གསོན་ཉམས་དོད་པའི་རྣམ་པ་ཆགས་པར་བྱས་ཡོད། “ཚོང་པའི་རང་གཅུན་མནའ་འབྲེལ”གྱིས་གཉེར་སྐྱོང་པ་ཕན་ཚུན་ལྟ་སྐུལ་དང་ཐུན་མོང་ཐོག་སྒྲིག་ལམ་བསྲུངས་པ་སོགས་བྱས་ནས་ཁྲིམས་སྒྱུར་ཁྲིད་སྟོན་དང་མང་ཚོགས་རང་སྐྱོང་གི་མཉམ་ཤུགས་འོག ངར་འཇམ་མཉམ་སྤྱོད་བྱས་ཏེ་ཁྲིམས་དང་གནས་ལུགས་དང་མི་སེམས་གཞི་གཅིག་ཏུ་འདྲེས་བར་སྔར་བས་ལེགས་པའི་སྒོ་ནས་སྐུལ་འདེད་བཏང་ན་ཁྲིམས་སྒྱུར་གྱི་ཕན་འབྲས་ཡག་པོ་ཐོན་པར་བྱེད་ཐུབ།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ནང་། སྤྱི་ཚོགས་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་ལྡན་དགོས་པ་མ་ཟད་སྒྲིག་ལམ་ཡང་ལྡན་དགོས་ཞེས་ནན་བཤད་བྱས་ཡོད། གྲོང་ཁྱེར་ལ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་འདུས་ཡོད། གྲོང་ཁྱེར་བཅོས་སྐྱོང་ནི་མི་དམངས་ཆེད་དང་མི་དམངས་ལ་བརྟེན་དགོས། སྐོར་སྐྱོད་ཁྲོམ་སྟོན་ཚོང་པར་ཁྲོམ་བཀྱག་ཆུང་ངུ་བཀོད་སྒྲིག་བྱས་པ་ཡིན་ནའང་འདྲ་ཟ་ཁང་ལ་ཕྱིར་ཚོང་ཁྲོམ་བཀྱག་བཀོད་སྒྲིག་བྱས་པ་སོགས་གང་ཡིན་རུང་དེས་དེ་བས་དྲོ་སྐྱིད་ལྡན་པའི་ཁྲོམ་ར་དང་དེ་བས་གདེང་ཚོད་ལྡན་པར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཞིབ་ཚགས་པའི་ཁྲིམས་སྒྱུར་ཁྲོད་ཤེས་དཔལ་གྱི་ཆུ་ཚད་མཐོ་རུ་བཏང་ནས་གསོན་ཤུགས་དང་སྒྲིག་ལམ་སྒུལ་རྣམ་དོ་སྙོམས་ཡོང་བར་བྱས་ཚེ་གྲོང་ཁྱེར་གྱིས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཞི་ནས་གཏོད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།