དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་རིགས་ཕ་ཞིག་གིས་སྤྱི་ལེ་4000ཆོད་པའི་ཨན་ཧུའེ་རུ་བསྐྱོད་དེ་རང་གི་མཁལ་མ་བུ་མོར་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-13

    འདི་ནི་སྨན་པས་བུ་མོ་སྐལ་བཟང་གི་གཤགས་བཅོས་རྗེས་ཀྱི་དྲག་སྐྱེད་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།

    འདི་ནི་ནད་ཁང་དུ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ནས་ཡིན་པའི་ཕ་དང་བུ་མོ་གཉིས་དབུ་ཐུག་བྱེད་བཞིན་པ།

    ད་ལོའི་ཟླ་5པར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ནས་ཡིན་པའི་ཡུལ་མི་སྐལ་བཟང་ལ་གཅིན་དུག་ནད་ཕོག ས་གནས་དེ་གའི་སྨན་པས་ཁོང་ཚོར་དེ་སྔོན་ལྷོ་ཁར་བོད་སྐྱོར་བྱས་པ་དང་ད་ཆ་ཨན་ཧུའེ་གསོ་རིག་སློབ་ཆེན་ཟུར་གཏོགས་སྨན་ཁང་གཉིས་པའི་གཅིན་ཟགས་ཕྱི་ནད་ཚན་ཁག་མཁལ་མ་སྤོ་འཛུགས་ནད་ཁུལ་གྱི་གཙོ་བཅོས་སྨན་པ་ཡིན་པའི་ཐང་ལེང་ངོ་སྤྲོད་བྱས་པ་རེད། རེ་བ་དང་ཡིད་ཆེས་ཆེན་པོས་སྐལ་བཟང་གི་ཕ་བཀྲ་ཤིས་དང་དེ་བཞིན་ནང་མི་བཅས་པ་སྤྱི་ལེ་4000ལྷག་ཙམ་ཆོད་པའི་ཧོ་ཧྥེར་བསྐྱོད་པ་དང་། སྨན་ཁང་གིས་ཁོང་ཚོར“ཐོགས་མེད་བགྲོད་ལམ”ཤར་གཏོང་བྱས་ནས་གཤགས་བཅོས་ཀྱི་ཇུས་གཞི་ཞིབ་ཕྲ་བཟོས་པ་རེད།

    སྨན་པ་དང་སྨན་གཡོག་མི་སྣས་ཆུ་ཚོད་བཞི་ཙམ་གཤགས་བཅོས་ཧུར་ཐག་བྱས་པ་བརྒྱུད། ཕ་བཀྲ་ཤིས་ཀྱི་མཁལ་མ་གཡོན་མ་བུ་མོར་བདེ་བླག་ངང་སྤོས་འཛུགས་ཐུབ་ནས་གཤགས་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོ་ལམ་ལྷོངས་བྱུང་བ་རེད།

    མིག་སྔར་ཕ་བཀྲ་ཤིས་སྨན་ཁང་ནས་དོན་ན་འགྲིག་པ་མ་ཟད། བུ་མོ་སྐལ་བཟང་གི་མཁལ་ནུས་ཀྱང་རྒྱུན་གཏན་ལྟར་སླར་གསོ་ཐུབ་པས། སྔོན་དཔག་བྱས་ན་གང་མགྱོགས་སྨན་ཁང་ནས་དོན་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།