《ལ་ཏིང་མེ་གླིང་དང་ཅ་ལེ་པིར་འཛིན་པའི་ཀྲུང་གོའི་སྲིད་ཇུས་ཡིག་ཆ》ཁྱབ་བསྒྲགས་བྱས་པ།
ཚེས་10ཉིན། 《ལ་ཏིང་མེ་གླིང་དང་ཅ་ལེ་པིར་འཛིན་པའི་ཀྲུང་གོའི་སྲིད་ཇུས་ཡིག་ཆ》ཁག་གསུམ་པ་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ་རེད། སྲིད་ཇུས་ཡིག་ཆའི་ནང་། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ཕྱོགས་དང་ལག་གདང་སྦྲེལ་ནས་མཐུན་སྒྲིལ་དང་། འཕེལ་རྒྱས། ཤེས་དཔལ། ཞི་བདེ། དམངས་སེམས་བཅས“འདུ་འགོད་ཆེན་པོ་ལྔར”སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་དོན་གཉེར་གྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་རྩོམ་འདོད་ཡོད་ཅེས་འཁོད་ཡོད་པ་རེད།
འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལ་ཏིང་མེ་གླིང་དང་ཅ་ལེ་པི་ཚུད་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དང་དབུཌ་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གྲོས་འགོ་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་འབྲེལ་བར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཡོད། ཀྲུང་གོ་སྲིད་གཞུང་གིས《ལ་ཏིང་མེ་གླིང་དང་ཅ་ལེ་པིར་འཛིན་པའི་ཀྲུང་གོའི་སྲིད་ཇུས་ཡིག་ཆ》ཁག་གསུམ་པ་ཁྱབ་བསྒྲགས་བྱས་པའི་དམིགས་ཡུལ་ནི་ཉམས་མྱོང་ཕྱོགས་སྡོམ་དང་མ་འོངས་ལ་རྒྱང་ལྟ་བྱས་ཏེ་ཀྲུང་གོས་ལ་ཏིང་མེ་གླིང་ལ་འཛིན་པའི་སྲིད་ཇུས་ཕྱོགས་ཡོངས་ནས་རྒྱས་བཤད་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་དེ་རེད།
སྲིད་ཇུས་ཡིག་ཆའི་ནང་དོན་ཆ་ཚང་ལ་ཡིག་འབྲུ་ཁྲི་ལས་བརྒལ་བ་དེའི་ནང་གླིང་གཞི་ཕུད། “ལ་ཏིང་མེ་གླིང་དང་ཅ་ལེ་པིའི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་རེ་བས་ཁེངས་པའི་ས་གཞི”དང“དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ” “ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་གྱི‘འདུ་འགོད་ཆེན་པོ་ལྔར’ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བ”བཅས་ཁག་གསུམ་ཡོད་པ་རེད།
ཕྱི་འབྲེལ་པུའི་པུའུ་ཀྲང་ལས་རོགས་ཚའེ་ཝུའེ་ཡིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྗོད་དོན། སྲིད་ཇུས་ཡིག་ཆ་ཁག་གསུམ་པའི་ནང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུཌ་པའི་དར་ཆ་མཐོན་པོར་སྒྲེང་བ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇཌ་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་ཀྱི་འདུ་ཤེས་ཀྱི་འདོད་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལེ་པིར་འཛིན་པའི་སྲིད་ཇུས་ཕྱོགས་ཡོངས་ནས་རྒྱས་བཤད་བྱས་ཡོད། ཡིག་ཆའི་ནང་། ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་པ་དང་། དུས་མཚམས་རྗེས་མར་ཀྲུང་གོ་ཕྱོགས་ཀྱིས་ཁྱབ་ཁོངས་40ལྷག་ཙམ་དུ་སྤེལ་རེས་མཉམ་ལས་བྱེད་པའི་སྲིད་ཇུས་ཀྱི་འདོད་ཚུལ་གསལ་བཤད་བྱས་པ་དང་འབྲེལ་ལ་ཏིང་མེ་གླིང་ཕྱོགས་ཀྱིས་ཚོང་དོན་དང་། མ་འཇོག དངུལ་རྩ། ཚན་རྩལ་གསར་གཏོད། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་དགོས་མཁོ་དང་དོ་ཁུར་ལ་ལན་ཧུར་ཐག་བཏབ་པ་དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལྷག་བསམ་ཟོལ་མེད་ཀྱི་འདུན་པ་གང་ལེགས་མངོན་ནས་དུས་སྐབས་གསར་པར་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་ཀྱི་ལམ་ཐིག་དཔེ་རིས་དང་བཀོལ་སྤྱོད་ལག་དེབ་ཏུ་འགྱུར་རྒྱུ་རེད།
ཀྲུང་གོར་བཅའ་སྡོད་ལ་ཏིང་མེ་གླིང་དང་ཅ་ལི་པི་རྒྱལ་ཁབ་ཀྱི་གཞུང་ཚབ་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོར་བཅའ་སྡོད་ཏུའོ་སྨི་ཉི་ཁེའི་གཞུང་ཚབ་ཆེ་མོ་བ་ཁྲར་སིས་སྲིད་ཇུས་ཡིག་ཆ་ལག་བསྟར་བྱ་རྒྱུ་དེ་ལ་ཏིང་མེ་གླིང་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུར་གལ་འགངས་ཤིན་ཏུ་ཆེ་བས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཚན་རྩལ། སློབ་གསོ། རིག་གནས། ཞིང་ལས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་རྒྱུ་རེད། ལ་ཏིང་མེ་གླིང་དང་ཀྲུང་གོས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་ནི་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རོགས་ཟླ་སྣ་མང་ཅན་དུ་འགྱུར་བ་དང་། མཉམ་ལས་ཀྱི་མཐོང་རྒྱ་ཆེ་རུ་གཏོང་བ། ས་ཁོངས་འཐབ་ཇུས་ཀྱི་རང་བདག་རང་བཞིན་ཆེ་རུ་གཏོང་བ་བཅས་ཀྱི་གོ་སྐབས་གལ་ཆེན་ཞིག་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།