དབུལ་སྒྲོལ་རྫོང་གི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱུན་མཐུད་མང་དུ་ཕྱིན་པ།
དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་གྲོང་གསེབ་ལས་བརྒྱ་ཆའི་གྲངས་0.5ཡིས་མགྱོགས་པ།
ད་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་གང་ལེགས་བྱེད་པའི་བར་བརྒལ་དུས་ཀྱི་ལོ་མཇུག་ཤོས་དེ་རེད། གསར་འགོད་པས་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར། དབུལ་སྒྲོལ་རྫོང་གི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13158ཟིན་པ་དེ་དོན་དངོས་ཐོག་བརྒྱ་ཆ་6.5%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་གྲོང་གསེབ་ལས་བརྒྱ་ཆའི་གྲངས་0.5ཡིས་འཕར་མགྱོགས་པ་ཡོད། བར་བརྒལ་དུས་ནས་བཟུང་། ལོའི་ཆ་སྙོམས་དོན་དངོས་འཕར་ཚད་7.8%ཟིན་པ་དེ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ལོའི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་0.9ཡིས་མཐོ་བ་ཡོད།
བར་བརྒལ་དུས་ནས་བཟུང་། རང་རྒྱལ་གྱིས་རོགས་སྐྱོར་སྲིད་ཇུས་སྤྱི་ཡོངས་ནས་རྒྱུན་འཁྱོངས་བརྟན་པོ་བྱས་ཏེ། དབུལ་སྒྲོལ་ས་ཁུལ་དང་དབུལ་སྒྲོལ་མི་འབོར་ལ་རམ་འདེགས་བྱས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་ཡོང་བའི་མཐའ་ཚད་བརྟན་པོར་བསྲུངས་ཡོད། རིམ་རྩིས་བརྒྱབ་ན། རྒྱལ་ཡོངས་སུ་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁྲི་700ལྷག་ཙམ་དབྱེ་འབྱེད་བྱེད་རོགས་བྱས་ནས་དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁ་ཡག་པོ་བསལ་ཏེ། དབུལ་སྒྲོལ་མི་འབོར་གྱི་སློབ་གསོ་དང་། སྨན་བཅོས། སྡོད་ཁང་། འཐུང་ཆུའི་བདེ་འཇགས་བཅས་ཀྱི་འགན་སྲུང་ཆུ་ཚད་རྒྱུན་མཐུད་སྲ་བརྟན་དང་མཐོ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།