དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཡིག་ཆ་བཀྲམ་ནས་དངུལ་རྩའི་བོགས་གཏོང་ཀུང་སིས་དངུལ་བསྡུ་བོགས་གཏོང་ལས་སྒོ་ཚད་ལྡན་སྤེལ་རྒྱུར་ཁྲིད་སྟོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-13

    ཉེ་ཆར། རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《དངུལ་རྩའི་བོགས་གཏོང་ཀུང་སིའི་དངུལ་བསྡུ་བོགས་གཏོང་ལས་སྒོའི་དོ་དམ་བྱེད་ཐབས》ཁྱབ་བསྒྲགས་བྱས་ནས། དངུལ་རྩའི་བོགས་གཏོང་ཀུང་སིས་གཙོ་འགན་གཙོ་ལས་ལ་དམིགས་ནས་ཁྱད་ལྡན་དངུལ་རྩའི་ནུས་པ་འདོན་སྤེལ་གྱིས་དངུལ་བསྡུ་བོགས་གཏོང་ལས་སྒོ་ཚད་ལྡན་སྤེལ་ཏེ། དངོས་ཚན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་པ་རེད།

    བྱ་ཐབས་དེ་དངུལ་རྩའི་བོགས་གཏོང་ཀུང་སིའི་དངུལ་བསྡུ་བོགས་གཏོང་ལས་སྒོའི་ཁྱད་ལྡན་ནུས་པར་དམིགས་ནས། བོགས་གཏོང་དངོས་པོ་ལྟེ་བར་བྱེད་པ་དང་ཐད་ཀར་བོགས་གཏོང་ལས་སྒོའི་བརྒྱུད་རིམ་དང་དོ་དམ་བླང་བྱ་གཙོ་རྐང་དུ་བྱེད་པ་དང་ཆབས་ཅིག ཕར་བཙོངས་རྗེས་ཚུར་བོགས་མར་ལེན་པ་དང་གཉེར་སྐྱོང་རང་བཞིན་གྱི་བོགས་གཏོང་སོགས་ལས་སྒོའི་ཁྱད་ཆོས་གཞན་དག་ལ་ཡང་བསམ་བློ་བཏང་ནས་དེ་མཚུངས་ཀྱི་གཏན་འབེབས་སོ་སོར་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་མ་ཟད། བྱ་ཐབས་ནང་ད་དུང་རང་འགན་གཙང་སྒྲུབ་ཀྱིས་བརྟག་དཔྱད་དང་། ཞིབ་བཤེར་མཆན་འགོད། གན་རྒྱ་འཇོག་པ་དང་ལག་བསྟར། བོགས་མར་བཏང་རྗེས་ཀྱི་དོ་དམ་སོགས་བརྒྱུད་རིམ་ཧྲིལ་པོའི་བཀོལ་སྤྱོད་ཚད་གཞི་ཞིབ་ཕྲ་བཟོ་བ་ཚུད་པའི་ལས་སྒོ་དོ་དམ་གྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས། དངུལ་རྩའི་བོགས་གཏོང་ཀུང་སིའི་གཉེར་སྐྱོང་བྱེད་སྒོའི་ཚད་ལྡན་རང་བཞིན་མཐོ་རུ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།