ཅང་ཝུན་ཕེང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཅང་ཝུན་ཕེང་འབྲེལ་གཏུག་བྱ་ཡུལ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་དང“ཅན་གསུམ”འཛུགས་སྐྱོང་ལོའི་བྱ་སྤྱོད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།
ཅང་ཝུན་ཕེང་གིས་ནན་བཤད་གནང་དོན། “འགན་འཁྲི་གཉིས”ལ་བརྟེན་ནས་འགག་རྩ་དམ་འཛིན་དང་སྤྱི་ཡོངས་ལ་སྐུལ་སྤེལ་གཏོང་བ་མཐའ་འཁྱོངས་བྱས་ཏེ། བྱེད་པོའི་འགན་འཁྲི་དང་། འགན་འཁྲི་བ་ཨང་དང་པོའི་འགན་འཁྲི། ལྟ་སྐུལ་གྱི་འགན་འཁྲི་སོགས་ཕྱོགས་གཅིག་ཤུགས་འདོན་ལ་སྐུལ་འདེད་བཏང་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་རིམ་པ་བཞིན་ནན་དུ་གཏོང་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་གྱི་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ། ཡང་དག་པའི་སྲིད་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་རིམ་པ་དེ་གའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཇུས་འགོད་ནན་ཏན་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ངོ་རྒོལ་ཕན་ཚུན་འབྲེལ་མཐུད་མཐའ་འཁྱོངས་བྱས་ཏེ་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། ངན་རུལ་མཉམ་བཤེར་མཉམ་བཅོས་ཟབ་ཏུ་གཏོང་བ། “རུལ་སུངས་མི་བྱེད་པ་གསུམ”ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། རུལ་སུངས་ཐོན་པའི་ས་རྒྱུ་དང་ཆ་རྐྱེན་རྩ་བ་ནས་མེད་པར་བཟོ་བ་བཅས་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།