དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས།

    སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-13

    ད་ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། ཐོན་ཁུངས་བསྡུ་སྒྲིལ་དང་། ལམ་སྲོལ་གསར་གཏོད། བརྩེ་སེམས་དང་བཅའ་ཁྲིམས་མཉམ་འདྲེས་བཅས་བྱས་པ་བརྒྱུད་འགལ་ཟླ་སྣ་ཚོགས་སེལ་བའི་རྣམ་པ་གསར་པ་བཏོད་ནས་འཆམ་མཐུན་བརྟན་ལྷིང་གི་འདུ་ཤེས་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།

    ད་ལོའི་ཟླ་5པར་རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཁོར་སྐྱོད་བྱེད་འགོ་ཚུགས་ཚུན། ཁྲིམས་ཁང་དང་། ཡིག་འབུལ་ཞུ་བཅར། ཁྲིམས་འཛིན་སོགས་སྡེ་ཚན་དྲུག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་བརྒྱུད་ཡིག་འབུལ་ཞུ་བཅར་དང་། འགལ་ཟླ་འདུམ་འགྲིག སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་བསྡུས་ཏེ། མང་ཚོགས་དང་འབྲེལ་བ་ཡོད་པའི་འགལ་ཟླ་དང་རྩོད་གཞིའི་རིགས“ལས་དོན་ཁང་གཅིག་ནས་ཁྱིམ་ཚང་མང་པོའི་དོན་དག་ཐག་གཅོད་བྱེད་པ”མངོན་འགྱུར་བྱུང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལྟེ་གནས་འཁོར་སྐྱོད་བྱས་ཚུན་རིམ་རྩིས་བརྒྱབ་ན་འགལ་ཟླ་དང་རྩོད་གཞི་ཁག་78ཐག་གཅོད་བྱས་པར་འདུམ་འགྲིག་ཐུབ་ཚད་97.2%ཟིན་པ་དང་རྩོད་གཞི་ཐག་གཅོད་བྱེད་པའི་དུས་ཡུན་ཆ་སྙོམས་60%ཐུང་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།