དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོ་ས་ཡོམ་ཅུས་ཀྱིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གི་ས་ཡོམ་ལ་དམིགས་ནས་རིམ་བཞིའི་འཕྲལ་སྡོམ་ཞབས་ཞུའི་བརྡ་ལན་ཞུ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-12-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ས་ཡོམ་ཅུས་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དུ་ས་ཡོམ་རིམ་པ་5.0བརྒྱབ་པར་དམིགས་ནས་ཚེས་11ཉིན་ཀྲུང་གོ་ས་ཡོམ་ཅུས་ཀྱིས་རིམ་བཞིའི་འཕྲལ་སྡོམ་ཞབས་ཞུའི་བརྡ་ལན་ཞུ་འགོ་ཚུགས་པ་རེད།

    ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། 2025ལོའི་ཟླ་12ཚེས་11ཉིན་གྱི་ཆུ་ཚོད་19དང་སྐར་མ་59ལ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང(བྱང་འཕྲེད་ཐིག་ཏུའུ་32.95དང་ཤར་གཞུང་ཐིག་ཏུའུ་88.65)དུ་ས་ཡོམ་རིམ་པ་5.0བརྒྱབ་པ་དང་། ཡོམ་གནས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཞིང་། ཡོམ་ལྡིག་སྤྱི་ལེ་10ཡི་ཁྱབ་ཁོངས་ཀྱི་ཆ་སྙོམས་ས་བབ་སྨི་4890ཙམ་ཟིན་གྱི་ཡོད་པ་རེད།

    ས་ཡོམ་བརྒྱབ་མ་ཐག ཀྲུང་གོ་ས་ཡོམ་ཅུས་ཀྱིས་ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བའི་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་ས་ཡོམ་ཅུས་བཀོད་གཏོང་བྱས་ཏེ། འབྲེལ་ཡོད་ཚན་པས་མཉམ་འབྲེལ་གྲོས་མོལ་བྱས་ནས་ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་གེགས་རྗེས་ཀྱི་ལས་དོན་ལ་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།