མཚོ་གཉིས་རྫོང་དུ་ས་ཡོམ་རིམ་པ་5.0བརྒྱབ་འདུག
ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་བ་12པའི་ཚེས་11ཉིན་གྱི་ཆུ་ཚོད་19དང་སྐར་མ་59ལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དུ་ས་ཡོམ་རིམ་པ་5.0བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10དང་། ས་ཡོམ་རྒྱག་སའི་ལྟེ་བ་ནི་བྱང་གི་འཕྲེད་ཐིག་ཏུའུ་32.95དང་ཤར་གྱི་གཞུང་ཐིག་ཏུའུ་88.65རུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།