དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མཚོ་དམག་གི་དཔུང་རུ་989ཧིན་རྡུ་ཉི་ཞི་ཡར་འབྱོར་ནས་མཛའ་གྲོགས་འཚམས་འདྲི་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-12-12

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅ་ཁར་ཐ་ནས་གློག་འཕྲིན་འབྱོར་གསལ། རྒྱ་མཚོའི་འཇིངས་སུ་ཕྱོགས་བསྡུས་དངོས་སྦྱོང་ལས་འགན་སྒྲུབ་བཞིན་པའི་ཀྲུང་གོའི་མཚོ་དམག་གི་དཔུང་རུ་989ཚེས་7ཉིན་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐ་ཏན་རུང་པུ་ལུའུ་གྲུ་ཁར་འབྱོར་ནས་ཧིན་རྡུ་ཉི་ཞི་ཡར་དུས་ཡུན་ཉིན་4ཡི་མཛའ་གྲོགས་འཚམས་འདྲི་བྱེད་འགོ་ཚུགས་པ་རེད།

    ས་གནས་དེ་གའི་སྔ་དྲོར། ཀྲུང་གོའི་མཚོ་དམག་གི་དཔུང་རུ་989ཡི་དམག་གྲུ་ཏན་རུང་པུ་ལུའུ་གྲུ་ཁར་དལ་གྱིས་འབྱོར་བ་དང་། མཚོ་དམག་བཟོ་སྐྲུན་སློབ་ཆེན་དང་མཚོ་དམག་མཁའ་འགྲུལ་སློབ་ཆེན་གྱི་སློབ་མ་ཚོས་གྲུ་གཅལ་དུ་གྲལ་བསྒྲིགས་ཏེ། བསུ་བ་ཞུ་བར་ཡོང་བའི་མི་ཚོགས་ལ་ལག་པ་གཡུག་ནས་གུས་སེམས་མཚོན་ཞིང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པའི་ལས་དོན་པ་དང་། ཧིན་རྡུ་ཉི་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་ལས་དོན་པ། ཕྱི་སྦྱོང་སློབ་མའི་འཐུས་མི། ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི། ཧིན་རྡུ་ཉི་ཞི་ཡའི་མཚོ་དམག་གི་དཔོན་དམག་འཐུས་མི་སོགས་མི་400ལྷག་ཙམ་གྲུ་ཁར་བསུ་བ་ཞུ་བར་སླེབས་ཡོད།

    ད་ཐེངས་ནི་མཚོ་དམག་གི་ཁྲང་པའེ་ཧྲན་དམག་གྲུ་དང“མདུན་སྐྱོད་རྟགས་ཅན་དང་པོའི”དམག་གྲུས་ཧིན་རྡུ་ཉི་ཞི་ཡར་འཚམས་འདྲི་ཐེངས་དང་པོ་བྱས་ཤིང་། འཚམས་འདྲི་བྱེད་རིང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་དབར་ད་དུང་ལུས་རྩལ་སྤེལ་རེས་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།