དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་དོན།

    རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་ཟླ་བཅུ་བསྟུད་མར་འཕར་སྣོན་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-12-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཟླ་12ཚེས་8ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བཅུ་གཅིག་པར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་3.9ཟིན་པ་དེ་དུས་མཚུངས་ཀྱི་འཕར་ཚད་4.1%བར་བསྐྱར་འཕར་བྱུང་བ་དང་། ཟླ་གཉིས་པ་ནས་བཟུང་ཟླ་བཅུ་བསྟུད་མར་དུས་མཚུངས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད།

    དེའི་ནང་ཟླ་བཅུ་གཅིག་པའི་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་2.35ཟིན་པ་དང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་1.55ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་5.7%དང་1.7%འཕར་ཡོད། ཟླ་བ་གོང་མ་དང་བསྡུར་ན་འཕར་ཚད་སོ་སོར་བརྒྱ་ཆའི་གྲངས་6.5དང་0.3མྱུར་དུ་ཕྱིན་ཏེ་ཕྱི་ཕྱོགས་ཚོང་དོན་གྱི་མཉེན་ཤུགས་དང་གསོན་ཤུགས་རྒྱུན་མཐུད་མངོན་བཞིན་ཡོད།

    རིམ་རྩིས་བརྒྱབ་ན། ཟླ་བ་དང་པོ་ནས་བཅུ་གཅིག་བར་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་41.21ཟིན་པ་དེ་དུས་མཚུངས་ལས་3.6%འཕར་བ་དང་། འཕར་ཚད་སྔོན་གྱི་ཟླ་བ་བཅུ་དང་སྙོམས་ཡོད་པ་རེད།

    འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་བསྡོམས་རྩིས་དབྱེ་ཞིབ་སིའི་སི་ཀྲང་ལུའེ་ཏ་ལེང་གིས་བརྗོད་དོན། རང་རྒྱལ་གྱིས་སྒོ་དབྱེ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་ཚོང་དོན་རོགས་ཟླའི་དབར་གྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཟམ་མི་ཆད་པར་རྒྱ་ཆེར་བཏང་ཡོད། ཟླ་བ་དང་པོ་ནས་བཅུ་གཅིག་བར་རང་རྒྱལ་དང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་110ལྷག་ཙམ་དབར་གྱི་ཕྱིར་གཏོང་དང་ནང་འདྲེན་དུས་མཚུངས་ལས་འཕར་ཏེ་ན་ནིང་གི་དུས་མཚུངས་ལས་རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་མང་དུ་ཕྱིན་ཡོད་པ་རེད།

    གཞན་ཡང་། རང་རྒྱལ་གྱིས་ཕྱི་འབྲེལ་བཙུགས་པའི་དར་རྒྱས་འགོར་ཤོས་ཀྱི་རྒྱལ་ཁབ་ལ་དཔྱ་ཁྲལ་རྣམ་གྲངས་100%ཡི་ཐོན་རྫས་ལ་སྒོ་ཁྲལ་གཅིག་ཀྱང་མི་བསྡུ་བའི་ཐོབ་ཐང་གི་ནུས་པ་ཐོན་ནས་ལོ་གཅིག་འགྲོ་གི་ཡོད། ལོ་གཅིག་རིང་རང་རྒྱལ་གྱིས་དར་རྒྱས་འགོར་ཤོས་ཀྱི་རྒྱལ་ཁབ་ནས་ནང་འདྲེན་བྱས་པའི་གཞི་ཁྱོན་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་550ལྷག་ཙམ་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།