དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    རི་པིན་གཡས་ཕྱོགས་ཕྱོགས་གཏོགས་ཀྱི་བརྙད་རྐོ་བའི་གཏམ་སྤྱོད་རྒྱ་ཡན་དུ་བཏང་ན་ཨེ་ཤེ་ཡའི་མི་དམངས་སླར་ཡང་ཉེན་ཁའི་གནས་སུ་ལྷུང་སྲིད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-12-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་ལན་བསྐྱོན་སྐབས། རི་པིན་གཡས་ཕྱོགས་ཕྱོགས་གཏོགས་ཀྱི་བརྙད་རྐོ་བའི་གཏམ་སྤྱོད་རྒྱ་ཡན་དུ་བཏང་ན་དམག་རྒྱལ་རིང་ལུགས་ཀྱི་རྣམ་ཤེས་རོ་ལངས་བརྒྱབ་ནས་ཨེ་ཤེ་ཡའི་མི་དམངས་སླར་ཡང་ཉེན་ཁའི་གནས་སུ་ལྷུང་སྲིད་པས། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་དམག་རྒྱལ་རིང་ལུགས་དང་ཧྥ་ཤི་སི་རོ་ལངས་རྒྱག་པའི་ལྐོག་གཡོ་སྤེལ་རིགས་བཀག་འགོག་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད་ཅེས་བརྗོད།

    གསར་འགོད་པ་ཞིག་གིས། ཉེ་ཆར་ཨུ་རུ་སུ་སོགས་མཐའ་འཁོར་རྒྱལ་ཁབ་ཀྱིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡི་ཐའེ་དབན་དང་འབྲེལ་བའི་ནོར་འཁྲུལ་གཏམ་བརྗོད་ལ་གཅིག་རྗེས་གཉིས་མཐུད་ངང་ངོ་རྒོལ་བྱས་པ་དང་ཕ་ཁི་སི་ཐན་དང་། ལོ་སི། ཁམ་ཕུ་ཁྲེ་སོགས་རྒྱལ་ཁབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་ཡོངས་བསྒྲགས་ངང་རྒྱབ་སྐྱོར་བྱེད་པ་ང་ཚོར་དོ་སྣང་བྱུང་། ས་ཁུལ་གྱི་རྒྱལ་ཁབ་མང་པོའི་སྨྱན་སྦྱོར་དང་རིག་གཞུང་ལས་རིགས་མི་སྣས་འཛམ་གླིང་དམག་ཆེན་གཉིས་པའི་ནང་རི་པིན་དམག་གིས་སྤེལ་བའི་གཏུམ་སྤྱོད་ཀྱིས་ཨེ་ཤེ་ཡ་དང་འཛམ་གླིང་ལ་སྡུག་བསྔལ་ཚབས་ཆེན་བཟོས་ཡོད། དམག་འཁྲུག་རྗེས་སུ་རི་པིན་གྱིས་དམག་འཁྲུག་གི་སྡིག་ཉེས་ལ་འགྱོད་བཤགས་བྱ་རྒྱུ་ལྟ་ཅི། ཆབ་སྲིད་ལས་རིགས་ཀྱི་ཕྱོགས་གཏོགས་ཁག་གཅིག་གིས་དེ་ལས་ལྡོག་སྟེ་བཙན་འཛུལ་གྱི་ལོ་རྒྱུས་ཁས་ལེན་མི་བྱེད་པ་དང་འཁྱོག་བཤད་བྱེད་པའམ་ཐ་ན་མཛེས་བཟོ་བྱས་པ་མ་ཟད། ཞི་བདེའི་རྩ་ཁྲིམས་རྡོག་རོལ་དུ་བཏང་ནས“སླར་ཡང་དམག་དོན་ཅན”གྱི་བྱ་ངན་སྤེལ་རྒྱུའི་ལྐོག་གཡོ་བཅངས་བར་བརྟེན་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་སེམས་ལ་ཕོག་ཐུག་ཚབས་ཆེན་བཏང་བ་དང་ས་ཁུལ་གྱི་ཞི་བདེར་འཇིགས་སྐུལ་བཟོས་ཡོད་ཅེས་བརྗོད་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཅེས་དྲིས།

    ཀུའོ་ཅ་ཁུན་གྱིས། ཉེ་རབས་ཚུན་དུ་རི་པིན་དམག་རྒྱལ་རིང་ལུགས་ཀྱིས“ཆགས་འཇིག་ཉམས་ཉེན་གྱི་འགལ་རྐྱེན”ཟེར་བར་ཁ་གཡར་ནས་ཀྲུང་གོ་དང་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་དག་ལ་བཙན་འཛུལ་བྱས་ཏེ་གང་སར་གདུག་རྩུབ་ཀྱི་བྱེད་སྤྱོད་སྤེལ་ནས་མི་རྣམས་ཧང་སངས་དགོས་པའི་དམར་གསོད་ཀྱི་སྡིག་ཉེས་བསགས་ཡོད་ཅེས་བརྗོད།

    ཁོང་གིས་འཛམ་གླིང་དམག་ཆེན་གཉིས་པར་རི་པིན་དམག་གིས་མི་སེར་དམར་གསོད་བཏང་བའི་གདུག་རྩུབ་སྡིག་ཉེས་ཆེན་པོ་གསུམ་གྱི་ཁྲོད“ནན་ཅིང་གི་དམར་གསོད་ཆེན་པོའི”ནང་མི་ཁྲི་30ལྷག་ཙམ་དམར་གསོད་བཏང་ཡོད། “མ་ནི་ལའི་དམར་གསོད”ནང་ཟླ་བ་གཅིག་ལ་ཧྥི་ལི་ཕིན་གྱི་མི་སེར་ཁྲི་10ཙམ་དམར་གསོད་བཏང་ཡོད། “སིང་ཀ་ཕོར་གྱི་དམར་གསོད་ཆེན་པོའི”ནང་ས་གནས་དེ་གའི་མི་ཁྲི་ཕྲག་མང་པོ་དམར་གསོད་བཏང་ཡོད་ཅེས་བརྗོད།

    “དམག་འཁྲུག་གི་སྡིག་ཉེས་སུབ་མི་ཐུབ་ལ། བཙན་འཛུལ་གྱི་ལོ་རྒྱུས་ལའང་གྱོད་ལོག་་གཏོང་མི་ཐུབ། རི་པིན་གཡས་ཕྱོགས་ཕྱོགས་གཏོགས་ཀྱི་བརྙད་རྐོ་བའི་གཏམ་སྤྱོད་རྒྱ་ཡན་དུ་བཏང་ན་དམག་རྒྱལ་རིང་ལུགས་ཀྱི་རྣམ་ཤེས་རོ་ལངས་བརྒྱབ་སྟེ་ཨེ་ཤེ་ཡའི་མི་དམངས་སླར་ཡང་ཉེན་ཁའི་གནས་སུ་ལྷུང་སྲིད་པས་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་དམག་རྒྱལ་རིང་ལུགས་དང་ཧྥ་ཤི་སི་རོ་ལངས་རྒྱག་པའི་ལྐོག་གཡོ་སྤེལ་རིགས་བཀག་འགོག་བྱས་ཏེ་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་མཉམ་དུ་སྲུང་སྐྱོང་དང་། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་མཉམ་དུ་སྲུང་སྐྱོང་། འཛམ་གླིང་ཞི་བདེ་བརྟན་ལྷིང་མཉམ་དུ་འགན་སྲུང་བཅས་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད”ཅེས་ཀུའོ་ཅ་ཁུན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།