དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་ཚན་རིག་ཁང་གིས་སྙན་ཞུ་ཁྱབ་བསྒྲགས་བྱས་ནས་ཚན་རིག་ཞིབ་འཇུག་གི་མདུན་གྲལ་128ལ་ཞིབ་འཇུག་བརྡར་གཅོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-12

    བརྒྱུད་འབོར་ཆེ་བའི་ཕྲ་ཕུང་རྐྱང་མའི་ལག་རྩལ་དང་། མངོན་མེད་དངོས་པོ་འཚོལ་ཞིབ། མི་ཐབས་རིག་ནུས་ལ་བརྟེན་ནས་ཚན་རིག་ཞིབ་འཇུག་དང་ལས་གྲྭའི་ལག་བསྟར་ལ་མཐུན་རྐྱེན་སྦྱོར་བ་སོགས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི《2025ལོའི་ཞིབ་འཇུག་མདུན་གྲལ》སྙན་ཞུ་དང《2025ལོའི་ཞིབ་འཇུག་མདུན་གྲལ་གྱི་གླེང་ཆེའི་སྟོན་གྲངས》སྙན་ཞུའི་ནང་། 2025ལོར་གོ་ལ་ཧྲིལ་པོའི་ཅུང་འཁྲུག་ཆ་དོད་པའམ་ཡང་ན་འཕེལ་རྒྱས་མགྱོགས་པའི་ཞིབ་འཇུག་གི་མདུན་གྲལ་128བདམས་པ་མ་ཟད། འབྲེལ་ཡོད་རིག་ཚན་འཕེལ་ཕྱོགས་ལ་ཞིབ་འཇུག་བརྡར་གཅོད་ཀྱང་བྱས་པ་རེད།

    ཞིབ་འཇུག་མདུན་གྲལ་གྱི་སྙན་ཞུ་རབ་དང་རིམ་པ་ནི་ཀྲུང་གོ་ཚན་རིག་ཁང་ཚན་རྩལ་འཐབ་ཇུས་བློ་འདྲི་ཞིབ་འཇུག་ཁང་དང་། ཀྲུང་གོ་ཚན་རིག་ཁང་ཚད་ལྡན་ཡིག་ཆ་གསང་འཕྲིན་ལྟེ་གནས། ཁོ་རུའེ་ཝེ་ཨན་བཅས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པ་རེད་ལ། དེའི་དམིགས་ཡུལ་ནི་འབྱུང་འགྱུར་འཛམ་གླིང་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་མདུན་གྲལ་ཚན་རིག་གི་ཚད་བརྒལ་གལ་ཆེན་ལ་སྔོན་ཚུད་དབྱེ་ཞིབ་བྱས་ནས་ཚན་རྩལ་གསར་གཏོད་ལ་ཞབས་འདེགས་ཞུ་ཆེད་རེད།

    ཐེངས་འདིར་བདམས་པའི་ཞིབ་འཇུག་གི་མདུན་གྲལ་128ཀྱི་ནང་དུ་གླེང་ཆེའི་མདུན་གྲལ་110དང་གསར་དར་མདུན་གྲལ་18ཚུད་ཡོད་པ་དེ་དག་ཞིང་ལས་ཚན་རིག་དང་། རྩི་ཤིང་རིག་པ། སྲོག་ཆགས་རིག་པ། སྐྱེ་ཁམས་དང་ཁོར་ཡུག་ཚན་རིག སའི་གོ་ལའི་ཚན་རིག ནད་ཐོག་གསོ་རིག སྐྱེ་དངོས་ཚན་རིག རྫས་འགྱུར་དང་རྒྱུ་ཆའི་ཚན་རིག དངོས་ཁམས་རིག་པ། གནམ་རིག་དང་གནམ་གཟུགས་དངོས་ཁམས་རིག་པ། རྩིས་རིག ཆ་འཕྲིན་ཚན་རིག དཔལ་འབྱོར་རིག་པ། སེམས་ཁམས་རིག་པ་དང་དེ་བཞིན་སྤྱི་ཚོགས་ཚན་རིག་གཞན་དག་བཅས་ཚད་མཐོའི་འདུས་འདྲེས་ཀྱི་རིག་ཚན་ཁྱབ་ཁོངས་ཆེན་པོ་11ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།