ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་མཐུན་ཚོགས་ཀྱིས།
《ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་སྙན་ཞུ(2025ལོ)》ཡོངས་བསྒྲགས་བྱས་པ།
ཉེ་ཆར། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་མཐུན་ཚོགས་ཀྱིས་སྒྲིག་འཛུགས་རྩོམ་སྒྲིག་བྱས་པའི《ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་སྙན་ཞུ(2025ལོ)》(འགྲོ་བ་མིའི་ཐོབ་ཐང་གི་རྒྱབ་ཤ་སྔོན་པོའི་དེབ)དངོས་སུ་ཡོངས་བསྒྲགས་བྱས་པ་རེད། འདི་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་མཐུན་ཚོགས་ཀྱིས་2011ལོ་ཚུན་དུ་ཡོངས་བསྒྲགས་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་རྒྱབ་ཤ་སྔོན་པོའི་དེབ་བཅོ་ལྔ་པ་དེ་རེད།
རྒྱབ་ཤ་སྔོན་པོའི་དེབ་དེའི་ཆེད་དོན་སྙན་ཞུའི་ནང་གཙོ་བོ་གྲོང་གསེབ་དར་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་དང་། སྤྱི་དམངས་ཀྱི་བཟའ་བཅའི་བདེ་འཇགས་འགན་སྲུང་། ངལ་རྩོལ་ཁེ་དབང་གི་ཁྲིམས་འཛིན་སྲུང་སྐྱོང་། སྨན་བཅོས་རོགས་སྐྱོབ་ལམ་ལུཌ་འཛུཌ་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུ་དོ་སྙོམས་ཅན། རིག་ལྡན་སློབ་གསོ། ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རིག་གནས་ཁེ་དབང་འགན་སྲུང་ལ་སྐུལ་གཏོང་། སླར་གསོ་རང་བཞིན་གྱི་ཁྲིམས་འཛིན་དང་ཁོར་ཡུག་ཁེ་དབང་འགན་སྲུང་། དམངས་འཚོའི་དོན་དངོས་རྣམ་གྲངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་ཤོག་ཐག་གཅོད་ལམ་ལུགས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་། ཁྱིམ་ཚང་བུ་བཙར་རྒྱབ་སྐྱོར་དང་ཞབས་ཞུའི་མ་ལག་འཛུཌ་སྐྱོང་། བུད་མེད་ཀྱི་འདྲ་མཉམ་ལས་ཞུགས་ཁེ་དབང་ལ་སྐུལ་གཏོང་། སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་ཐུབ་ཚོད་འགོག་བཅོས་སོགས་ཀྱི་ནང་དོན་དང་། དེ་བཞིན་2024ལོའི་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་འཛུགས་དབྱེ་ཞིབ་སྙན་ཞུ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྤེལ་རེས་མཉམ་ལས་ཐད་ཀྱི་འཕེལ་རིམ་གསར་པ་སོགས་ཚུད་ཡོད།
བརྟག་ཞིབ་སྙན་ཞུ་ཁག་གཅིག་ནི་མི་དམངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་རིང་གི་མི་དམངས་ཀྱི་ཁེ་དབང་འགན་སྲུང་དང་། 12345སྲིད་དོན་ཞབས་ཞུའི་ཐད་འབྲེལ་ཁ་པར་དང་གྲོང་ཁྱེར་གྱི་ཡུལ་མིའི་ཁེ་དབང་ལག་ལེན། དྲ་རྒྱའི་བར་མཐོངས་ནང་གི་དམངས་གཙོའི་ཁེ་དབང་འགན་སྲུང་། འབྲོག་ཁུལ་གྱི་སྐོར་སྐྱོད་ཁྲིམས་ཁང་གིས་ཁྲིམས་འཛིན་རོགས་རམ་ཁྱབ་ནུས་རང་བཞིན་ཆེ་རུ་གཏོང་བ་སོགས་ཀྱི་གྲོས་དོན་ལ་དམིགས་ཡོད།
འབྲེལ་ཡོད་གསར་འགྱུར།