ཨན་ཧུའེ་ལིའུ་ཨན་གྱིས་བཟོ་ལས་འཕྲུལ་མིའི་ལག་རྩལ་བེད་སྤྱོད་དང་བཀོལ་སྤྱོད་ཀྱི་ངལ་རྩོལ་རྩལ་ནུས་འགྲན་བསྡུར་བྱས་པ།

ཉེ་ཆར། 2025ལོ་འཁོར་གྱི་བཟོ་ལས་འཕྲུལ་མིའི་ལག་རྩལ་བེད་སྤྱོད་དང་བཀོལ་སྤྱོད་ཀྱི་ངལ་རྩོལ་རྩལ་ནུས་འགྲན་བསྡུར་དེ་ཨན་ཧུའེ་ཞིང་ཆེན་ལིའུ་ཨན་དཔལ་འབྱོར་གསར་སྤེལ་ཁུལ་འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་རྒྱུན་མཐུད་ཐོན་ལས་གླིང་ཁུལ་དུ་བྱས་ཤིང་། ཁོངས་གཏོགས་ཀྱི་འབྲེལ་ཡོད་ཁེ་ལས་ཀྱི་བཟོ་ལས་འཕྲུལ་མིའི་ཁོངས་གཏོགས་ཀྱི་བཀོལ་སྤྱོད་པ་འགྲན་བསྡུར་ནང་ཞུགས་ཡོད། ད་རེས་ཀྱི་འགྲན་བསྡུར་གྱིས་བཟོ་ལས་འཕྲུལ་མིའི་ལག་རྩལ་བཀོལ་སྤྱོད་དང་། ཚོད་ལྟ་སྙོམས་སྒྲིག བདེ་འཇགས་ཐོན་སྐྱེད་སོགས་ཐད་ཀྱི་བདམས་ཐོན་པའི་འཇོན་ཐང་ལ་ཞིབ་བཤེར་བྱ་རྒྱུར་དམིགས་ནས་ལས་མིར་ཁྲིད་སྟོན་བྱས་ཏེ་ལག་རྩལ་གསར་པར་ཞིབ་འཇུག་དང་ཁོང་དུ་ཆུད་ཐབས་བྱས་ཤིང་། འདི་ནི་ལས་མི་ཚོས་འགྲན་བསྡུར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།