དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏུན་ཁྲི་3.5རིམ་པའི་ལྗིད་ཐེག་མེ་འཁོར་ཚོ་ཆུང་ཚོད་གཏོང་ལམ་ལྷོངས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-12

    འདི་ནི་ནང་སོག་པའོ་ཐོའུ་གྲོང་ཁྱེར་གྱི་པའོ་ཧྲེན་ལྕགས་ལམ་ཚོགས་པའི་དབན་ཧྲུའེ་ཆོན་འབབ་ཚུགས་ལྷོ་མར་ལྗིད་ཐེག་མེ་འཁོར་ཚོ་ཆུང་ཚོད་གཏོང་བྱེད་བཞིན་པ།

    གསར་འགོད་པས་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་ནས་ཤེས་རྟོགས་བྱས་པར། ཚེས་8ཉིན། འཛམ་གླིང་གི་ཏུན་ཁྲི་3.5རིམ་པའི་ལྗིད་ཐེག་མེ་འཁོར་ཚོ་ཆུང་ཐོག་མ་པའོ་ཧྲེན་ལྕགས་ལམ་དུ་ཚོད་གཏོང་ལམ་ལྷོངས་བྱུང་བ་རེད།

    ད་ཐེངས་ཀྱི་ཚོད་ལྟས་འཛམ་གླིང་གི་ལྗིད་ཐེག་སྐྱེལ་འདྲེན་ཁྱབ་ཁོངས་སུ་མེ་འཁོར་ཚོ་ཆུང་ལ་ཚོད་འཛིན་བྱེད་པའི་ལག་རྩལ་ཐོག་མར་སྤྱད་པ་སྟེ། འཕྲུལ་ཆས་ཀྱི་སྦྲེལ་མཐུད་ལ་བརྟེན་དགོས་མེད་པར་སྐུད་མེད་བརྡ་རྟགས་ཁོ་ནར་བརྟེན་ནས་མེ་འཁོར་མང་པོ་མཉམ་དུ་སྐྱོད་ཐུབ་པ་བྱུང་ཡོད། ཏུན་5000ཡོད་པའི་ཚོད་ལྟའི་མེ་འཁོར་7གྱིས་པའོ་ཧྲེན་ལྕགས་ལམ་གྱི་ཉེ་འབྲེལ་མེ་འཁོར་འབབ་ཚུགས་བཞི་རུ“རྟོག་བཟོའི་སྦྲེལ་མཐུད”ཀྱི་བྱ་ཐབས་བརྒྱུད་འགུལ་རྣམ་ལེགས་སྒྲིག་བྱས་ཏེ་མེ་འཁོར་ཚོ་ཆུང་ལ་བསྒྱུར་བར། རུ་བསྒྲིགས་ནས་བསྐྱོད་པ་མངོན་འགྱུར་བྱུང་སྟེ། དུས་གཅིག་ལ་མཉམ་དུ་མགྱོགས་སུ་གཏོང་བ་དང་མཉམ་དུ་འཁོར་བཀག་བྱེད་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།