རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་རྒྱལ་སྤྱིའི་ཁས་ལེན་དཔང་འདོན་རོགས་སྐྱོབ་མ་ལག་གི་རྒྱལ་ཁབ་ཨང་བཅུ་པར་གྱུར་པ།
ཉིན་ཤས་གོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འཚོལ་བཤེར་དང་རོགས་སྐྱོབ་བློ་འདྲི་ཚོགས་པའི(INSARAG) རྒྱལ་ཁབ་ཀྱི་ཁས་ལེན་དཔང་འདོན་གོ་རིམ(IRNAP)འོས་ཐོབ་ཁས་ལེན་དཔང་འདོན་བྱས་པ་བརྒྱུད། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་དབང་གྲགས་ལྡན་པའི་ཁས་ལེན་དཔང་འདོན་ཐོབ་པའི་རྒྱལ་ཁབ་ཨང་བཅུ་པར་གྱུར་ཞིང་། དེ་ཐོག་ནས་རང་རྒྱལ་གྱི་གྲོང་ཁྱེར་འཚོལ་བཤེར་དང་རོགས་སྐྱོབ(USAR)མ་ལག་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་སླེབས་པ་དང་། རོགས་སྐྱོབ་ནུས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་ཁས་ལེན་ཐོབ་པ་མཚོན་ཡོད། བདེན་དཔང་ར་སྤྲོད་བྱས་རྗེས། རང་རྒྱལ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་INSARAGཡི་དབང་ཆ་དངོས་སུ་ཐོབ་ནས། རྒྱལ་ནང་གི་རོགས་སྐྱོབ་དཔུང་ཁག་གི་འཇོན་ཐང་ལ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་བྱེད་ཆོག་པ་དང་། ཚད་གཞི་ལོངས་པའི་དཔུང་ཁག་ལ་འབྲེལ་ཡོད་ཆེད་གཏོགས་མཚོན་རྟགས་ཀྱི་རྟགས་མ་སྤྲད་ནས། དེ་ཉིད་རྒྱལ་སྤྱིའི་ཁས་ལེན་ཐོབ་པའི་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་སུ་འགྱུར་བར་སྐུལ་འདེད་གཏོང་ཐུབ།
ཤེས་རྟོགས་བྱུང་བར་གཞིགས་ན། དཔྱད་ཞིབ་རིགས་གཅིག་མཁས་ཅན་ཚོགས་ཆུང་ནི་ཕྱི་ཕྱོགས་ཀྱི་ལག་རྩལ་རིགས་གཅིག་མཁས་ཅན་10དང་ཀྲུང་གོ་ཕྱོགས་ཀྱི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་རིགས་གཅིག་མཁས་ཅན་10ལས་གྲུབ་ཡོད། དཔྱད་ཞིབ་བྱེད་རིང“རྒྱལ་སྤྱི་དང་རྒྱལ་ནང་ཟུང་འབྲེལ”གྱི་ཚད་གཞི་ཉིས་བརྩེགས་སྤྱད་དེ། ཁས་ལེན་དཔང་འདོན་གྱི་ཆེད་ལས་རང་བཞིན་དང་དབང་གྲགས་རང་བཞིན་ལ་འགན་ལེན་བྱས་པ་རེད། རྒྱལ་སྤྱིའི་རིགས་གཅིག་མཁས་ཅན་གྱིས་ནང་དོན་ཁག་20དང་དམིགས་ཚད་ཁག་167ཚུད་པའི་ཞིབ་དཔྱད་རེའུ་མིག་ལ་གཞིགས་ནས་རྒྱལ་སྤྱི་ཅན་གྱི་ཆུ་ཚད་ལ་ཚོད་སྐོར་བྱས་པ་དང་། རྒྱལ་ནང་གི་རིགས་གཅིག་མཁས་ཅན་གྱིས་ནང་དོན་ཁག་17དང་དམིགས་ཚད་ཁག་143ཚུད་པའི་ཞིབ་དཔྱད་རེའུ་མིག་ལ་གཞིགས་ནས་བརྒྱུད་རིམ་འཐུས་ཚང་ཡིན་མིན་ལ་ཞིབ་དཔྱད་བྱས་ཏེ། རང་རྒྱལ་གྱི་རོགས་སྐྱོབ་མ་ལག་གི་འཐུས་སྒོ་ཚང་ཚད་དང་ཆེད་ལས་རང་བཞིན་ལ་ཕྱོགས་ཡོངས་ནས་ར་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།