རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་2025ལོའི་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྔོན་དཔག་མཐོ་རུ་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་10ཉིན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས(IMF) ཀྱི་ཙུང་ཚའེ་ཀེ་ཨོར་ཅི་ཡེ་ཝ་ཡིས། རྡབ་རྡེག་མང་པོ་འཕྲད་ཀྱང་། ཀྲུང་གོའི་དཔལ་འབྱོར་ལས་སྔར་བཞིན་མཉེན་ཆ་ཆེན་པོ་མངོན་ཡོད། IMFཡིས་སྔོན་དཔག་བྱས་པ་ལྟར་ན། 2025ལོར་ཀྲུང་གོའི་དཔལ་འབྱོར་འཕར་ཚད་5%ཟིན་རེ་ཡོད་པ་དེ་ད་ལོའི་ཟླ་10པར་ཁྱབ་བསྒྲགས་བྱས་པའི《འཛམ་གླིང་དཔལ་འབྱོར་གྱི་རྒྱང་ལྟའི་སྙན་ཞུ》ལས་བརྒྱ་ཆའི་གྲངས་0.2འཕར་རྒྱུ་རེད་ཅེས་བརྗོད།
ཀེ་ཨོར་ཅི་ཡེ་ཝ་དེ་ཉིན་པེ་ཅིང་དུ་འཚོགས་པའི་2025ལོའི་ཀྲུང་གོའི་དོན་ཚན་བཞི་པའི་གྲོས་མོལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་དང་། ཁོང་གིས། ཀྲུང་གོ་སྲིད་གཞུང་གིས་བཏོན་པའི་གཞི་ཆེའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་སོགས་ཀྱི་རྒྱུ་རྐྱེན་ལས། IMFཡིས་ཀྲུང་གོའི་དཔལ་འབྱོར་གྱི་འཕར་ཚད་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་ཡིན་ཞེས་བརྗོད།
ཁོང་གིས། ཀྲུང་གོ་སྲིད་གཞུང་གིས་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ་ནི་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་ཆ་ནས་གལ་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་ཐུབ་པ་མ་ཟད། བྱ་ཐབས་བཟང་པོ་རབ་དང་རིམ་པ་སྤྱད་དེ་དཔལ་འབྱོར་འཕར་བའི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱེད་བཞིན་ཡོད་པ་IMFཡིས་དོ་སྣང་བྱུང་ཞེས་བརྗོད།
ཀེ་ཨོར་ཅི་ཡེ་ཝ་ཡིས། ཀྲུང་གོར་དེ་སྔ་ནས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་འབྲེལ། བྱ་ཐབས་ལ་བརྟེན་ནས་དམིགས་ཚད་མངོན་འགྱུར་ལ་སྐུལ་འདེད་གཏོང་བའི་སྲོལ་རྒྱུན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི” འཆར་འགོད་ལག་བསྟར་བྱས་ཚུལ་ལ་བལྟས་ན། ཕན་འབྲས་ཧ་ཅང་མངོན་གསལ་དོད་པོ་ཐོན་ཡོད། “ལོ་ལྔ་ཚན་བཅོ་ལྔ་པར”ཕྱོགས་སྐབས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་རྒྱུན་མཐུད་གཏོང་རྒྱུ་མ་ཟད། འཛད་སྤྱོད་ལ་བརྟེན་ནས་དཔལ་འབྱོར་འཕར་ཐབས་བྱེད་པའི་རྣམ་པར་དེ་བས་སྒྱུར་བཞིན་ཡོད། ཀྲུང་གོར་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པས། རྒྱལ་ནང་གི་ཁྲོམ་ར་ཆེན་པོ་ཞིག་གྲུབ་ཡོད་ཅིང་། དེ་ནི་འབྱུང་འགྱུར་དཔལ་འབྱོར་འཕར་བའི་མི་མངོན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ངེས་རེད། “ཀྲུང་གོའི་འཕར་སྟངས་སྒྱུར་བའི་ཆོད་སེམས་ལ་ང་ཚོས་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད།
ཀེ་ཨོར་ཅི་ཡེ་ཝ་ཡིས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དེ་བས་ཆེན་པོའི་འོག ཕྱིས་འབྱུང་ཀྲུང་གོའི་དཔལ་འབྱོར་དེ་བས་ཤུགས་ཆེན་འཕར་ཐུབ་པའི་ཡིད་ཆེས་ཡོད། “སྔོན་དཔག་བྱས་ན། འབྱུང་འགྱུར་ལོ་འགའི་ནང་ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་30%ཡས་མས་སུ་རྒྱུན་འཁྱོངས་ཐུབ་རེ་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།