དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་7538བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-12

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་7538བཏང་བ་དེ་དུས་མཚུངས་ལས་5.9%འཕར་བ་རེད།

    རྒྱལ་ཁབ་ལྕགས་ལམ་ཚོགས་པས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཁུལ་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་དམིགས་ཏེ། ལྕགས་ལམ་གྱི་འཆར་འགོད་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་སྐུལ་འདེད་བཏང་ནས། འཛམ་གླིང་གི་དེང་རབས་ཅན་གྱི་ལྕགས་ལམ་དྲ་བ་རྩེ་གྲ་གང་མགྱོགས་སྐྲུན་བཞིན་ཡོད་པ་རེད། ཟླ་བཅུ་གཅིག་པའི་ཚུན་དུ། གཙོ་གནད་ལས་གྲྭའི་རྣམ་གྲངས་ཁག་གཅིག་གི་འཕེལ་རིམ་ཡག་པོ་ཡོད་པ་སྟེ། ཕན་ཀྲོའུ་ནས་ཤིང་དབྱིའི་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ཤིས་ཨན་ནས་ཡན་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཀོང་ཀྲོའུ་ནས་ཀྲན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ། ཧང་ཀྲོའུ་ནས་ཆུས་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་བཅས་ཚོད་ལྟའི་གཉེར་སྐྱོང་གི་དུས་མཚམས་སུ་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།