དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ལེ་དབར་སྟོང་གི་བོད་སྐྱོར་བརྩེ་བ་ཟབ། བློ་སེམས་གཅིག་མཐུན་དགུན་དུས་དྲོ་སོབ་སོབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-12

    འདི་ནི་ལྷོ་རོང་རྫོང་གི་རྒན་རྒོན་ཚོས་དགུན་ཆས་ལེན་བཞིན་པ།

    འདི་ནི་དགུན་ཆས་ཞལ་འདེབས་རྒྱག་ཡུལ་ཡིན་པ།

    དཀའ་ངལ་ཡོད་པའི་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྐྱེལ་ཐུབ་པ་བྱ་ཆེད་ཆོན་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་ཆོན་ཀྲོའུ་སྡེ་ཚོགས་གྲོང་ཨུད་དང་ཨན་ཐ་ཚོགས་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་ལྷོ་རོང་རྫོང་ལ་སྒོར་663727རི་བའི་དགུན་ཆས་1207ཞལ་འདེབས་བརྒྱབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གཅེས་སེམས་མཚོན་པའི་ཞལ་འདེབས་ཕུལ་བ་བརྒྱུད། རྒན་རྒོན་ཚོས་ཆོན་ཀྲོའུ་ཡི་སྤྱི་ཚོགས་ལས་རིགས་ཁག་གི་མི་དམངས་ཀྱིས་སེམས་ཁུར་དང་། གཅེས་སྐྱོང་། རྒྱབ་སྐྱོར་བཅས་བྱེད་ལུགས་གང་ལེགས་ཚོར་བ་མ་ཟད། ཆོན་ཀྲོའུ་དང་ལྷོ་རོང་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། ལྟ་རེས་སྐྱོང་རེས། སྤུན་ཉེ་འཆམ་མཐུན་བཅས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་ཡང་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།