དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • རྒྱལ་ཁབ་གློག་དྲ་སྣང་རྫོང་གློག་འདོན་ཀུང་སི་དང་སྣང་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས།

    མི་རིགས་མཐུན་སྒྲིལ་མཉམ་འབྲེལ་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-12

    ཉེ་ཆར། རྒྱལ་ཁབ་གློག་དྲ་སྣང་རྫོང་གློག་འདོན་ཀུང་སི་དང་སྣང་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་ལག་གདང་སྦྲེལ་ནས“གློག་དྲ་དང་མེ་ཟོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་མི་རིགས་མཐུན་སྒྲིལ་མཉམ་འབྲེལ་འཛུགས་སྐྱོང་བྱེད་སྒོ་སྤེལ་བ་རེད། ཚན་པ་གཉིས་ནས་ཡོང་བའི་ལས་བྱེད་པ་དང་ལས་བཟོ་40ལྷག་ཙམ་མཉམ་དུ་འཛོམས་ནས་སྤེལ་རེས་དང་མཉམ་ལས་ཁྲོད་ངོས་འཛིན་གཅིག་མཐུན་བྱུང་བ་དང་སྤེལ་རེས་དང་འགྲན་བསྡུར་ཁྲོད་བརྩེ་བ་ཟབ་ཏུ་ཕྱིན་ཡོད།

    ལས་རིགས་རྩལ་ནུས་སློབ་ཚན་ཆུང་ངུའི་ཁྲོད་ཕྱོཌ་གཉིས་པོས“དངོས་སྤྱོད”དང“གནད་འཁེལ”ལ་དམིགས་ནས། རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ཏེ་སྤེལ་རེས་དང་མཉམ་འགུལ་གཏིང་ཟབ་བྱས་པ་རེད། རྒྱལ་ཁབ་གློག་དྲ་སྣང་རྫོང་གློག་འདོན་ཀུང་སིས་དོན་དངོས་དང་ཟུང་འབྲེལ་གྱིས་ཞིང་འབྲོག་ཐོན་ལས་ཀྱི་བདེ་འཇགས་ལམ་སྟོན་དང་བོད་བཟོའི་སྡོད་ཁང་གི་གྲོང་མིའི་གློག་ཆས་སྲུང་སྐྱོང་སོགས་བདེ་འཇགས་ཀྱི་གློག་སྤྱོད་ཐབས་ས་གནས་ས་ཐོག་ཏུ་གསལ་སྟོན་བྱས་པ་རེད། དེ་དང་ཆབས་ཅིག་ལག་རྩལ་པས་ད་དུང་མེ་གསོད་རུ་ཆེན་དུ་བསྐྱོད་ནས་གློག་སྐུད་དང་སྒྲིག་ཆས་སོགས་ཀྱི་མངོན་མེད་རྐྱེན་ངན་རེ་རེ་བཞིན་གྲལ་བཤེར་བྱས་པ་རེད།

    དེ་རྗེས་ཀྱི་མི་རིགས་མཐུན་སྒྲིལ་སྤེལ་རེས་ཉམས་ལེན་ལྷུ་ཚིགས་ལས་བྱེད་སྒོ་དེ་བས་འཁྲུག་དུ་ཕྱིན་ཞིང་། ལན་ཆིའུ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་ར་བར་རུ་མི་ཚོས་ཕན་ཚུན་གཞོགས་འདེགས་དང་དཔའ་ངར་ཆེན་པོས་འབད་བརྩོན་བྱས་པས་འགྲན་རར་དགའ་འབོད་ཀྱིས་ཁེངས། འགྲན་བསྡུར་མཇུག་འགྲིལ་རྗེས་ཕྱོགས་གཉིས་པོས་ཕན་ཚུན་ལག་རྟགས་ཆུང་ངུ་སྤྲད་པ་དང་ཕན་ཚུན་འབྲེལ་གཏུག་བྱེད་སྟངས་བཞག་ནས་རྗེས་མའི་སྤེལ་རེས་ལ་སྦྲེལ་ཟམ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།