ཨ་མདོ་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས།
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཧུར་ཐག་ཞུགས་པ།

འདི་ནི་ཨ་མདོ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།
“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བྱ་སྤྱོད་སྤེལ”ཞེས་པའི་བྱེད་སྒོ་སྤེལ་ཚུན། ཨ་མདོ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་འཐུས་མིའི་འགན་སྒྲུབ་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཏེ་རྫོང་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་དང་། བྱེད་སྒོ་གསོན་ཉམས་ལྡན་པའི་སྒོ་ནས་སྤེལ་བར་ཕན་འབྲས་མངོན་གསལ་དོད་པ་དང་བཀྲག་མདངས་འཚེར་ས་མང་པོ་མངོན་ཡོད།
ཨ་མདོ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྣམ་པ་གསར་གཏོད་ཀྱིས་རྒྱ་བོད་སྐད་གཉིས་ཀྱི《རྫོང་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་སྤྲིངས་པའི་འཕྲིན་ཡིག་གཅིག》ཅེས་པ་བཀྲམ་པ་དང་རྫོང་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ཐད་ཀར་བཏང་སྟེ། འཐུས་མིས“སེམས་འབྲེལ་ཟམ་པའི”ནུས་པ་འདོན་དགོས་པའི་འབོད་སྐུལ་བྱས་པ་རེད། འཐུས་མི་ཚོས་དང་ལེན་ཧུར་ཐག་ཞུས་ཏེ“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”གཡུལ་སར་བྱེད་པ་དང་། འབྲོག་ཁུལ་དང་། སྡེ་ཁུལ། གྲོང་ལྷན། སློབ་གྲྭ དགོན་སྡེ་བཅས་སུ་སྐྱོད་པ། “སྲིད་ཇུས་དྲིལ་བསྒྲགས་པ”བྱེད་པ། “ཁ་འབྲལ་ཐབས་མེད་པ་གསུམ”དང་། “མཉམ་མྱོང་བཞི” “མོས་སེམས་ལྔ”སོགས་སྲོག་ཤིང་གི་འདུ་ཤེས་ལ་དམ་པོར་དམིགས་པ། བོད་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་དང་དམངས་ཕན་སྲིད་ཇུས་ཁག་དང་ཟུང་འབྲེལ་བཅས་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་93སྤེལ་བ་དང་། རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་9542ལ་སློབ་གསོ་ཐེབས་ཏེ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཡོད།
ཨ་མདོ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་དང་ཡིག་གཟུགས་འགྲན་བསྡུར་སྒྲིག་འཛུགས་ཞིབ་ཚགས་བྱས་ཤིང་། འགྲན་བསྡུར་ལ་ཞུགས་མཁན་བདམས་ཐོན་པས་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པ་དང་། ཡིག་གཟུགས་ལ་དགའ་པོ་བྱེད་མཁན་གྱིས་རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་བརྩམས་ཆོས་གསར་རྩོམ་བྱས་ཡོད། མིག་སྔའི་བར། རྫོང་དང་ཤང་རིམ་གཉིས་ཀྱིས་བརྗོད་དོན་གཙོ་བོའི་ཡིག་གཟུགས་དང་གཏམ་བཤད་འགྲན་བསྡུར་དུས་ཐེངས་བཞི་སྤེལ་ནས་འཐུས་མིར་འགྲེམས་སྟོན་སྤེལ་རེས་ཀྱི་ལས་སྟེགས་མཁོ་འདོན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་བཏང་ཡོད།
ལས་འགན་སྒྲུབ་རིང་། འཐུས་མི་ཚོས་ཐོག་མཐའ་བར་གསུམ་དུ་མང་ཚོགས་སེམས་ནང་འཇོག་པ་དང་རང་ཉིད་ཀྱི་ལས་རིགས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་རོགས་སྐྱོར་དང་དཀའ་ངལ་སེལ་བའི་བྱེད་སྒོ་ཐེངས་34སྤེལ་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་། ཏང་ཡོན་རྒན་གྲས། ཁོར་ཡུག་གཙང་སྦྲ་བ། གྲོང་ཁྱེར་དོ་དམ་རུ་མི་སོགས་ལ་ཐུགས་ཁུར་དང་དྲོད་སྐྱིད་སྦྱིན་པ་དང་། རིམ་རྩིས་བརྒྱབ་ན་སྒོར་ཁྲི་13ཟིན་པའི་འཚམས་འདྲིའི་དངུལ་དང་དངོས་ཟོག་སྤྲད་དེ་འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་བཏང་བ་དང་། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
འབྲེལ་ཡོད་གསར་འགྱུར།