དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲིམས་འཛིན་གྱི་ཐབས་ལམ་ལ་བརྟེན་ནས་རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་བྱེད་པ།

    ——ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་བྱ་ཐབས་མང་པོ་སྤྱད་དེ་སྔོ་འགྱུར་ལས་གྲྭའི་འཛུགས་སྐྲུན་ལ་འགན་ལེན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-12

    འདི་ནི་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གི་ལས་དོན་པས་སྔོ་འགྱུར་ལས་གྲྭའི་ལས་མིར་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།

    འདི་ནི་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གི་ལས་དོན་པས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་བྱེད་བཞིན་པ།

    ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་གསོན་ཤུགས་ཀྱིས་ཁེངས་པའི་ལྗང་མདོག་གི་བར་ཁྱམས་རིང་པོ་ཞིག་ཆགས་ཡོད། དེ་ནི་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་ལས་དོན་པས་གཡས་གཞོགས་གཡོན་འདེགས་བྱས་པ་དང་ཁ་འབྲལ་ཐབས་གཏན་ནས་མེད། ཁོང་ཚོས་ཁྲིམས་འཛིན་གྱི་ཐབས་ལམ་ལ་བརྟེན་ནས་རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་བྱས་ཏེ་ལས་གྲྭ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་སྲུང་བཅད་བརྟན་པོར་བསྐྲུན་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཁྲིམས་འཛིན་ཞབས་ཞུ་གཉིས་གོམ་སྟབས་གཅིག་གྱུར་དང་ཕྱོགས་གཉིས་ནས་མཐུན་རྐྱེན་སྦྱར་ཡོད་པ་རེད།

    འབྱུང་རྩ་ནས་སྔོན་འགོག་དང་ཚོད་འཛིན་བྱས་ཏེ་རྨང་གཞི་བརྟན་དུ་བཏང་བ།

    ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་2025ལོའི་ལོ་འཁོར་གྱི་ཟངས་རི་རྫོང་ལས་གྲྭ་ནི་ས་གནས་དེ་གའི་སྐྱེ་ཁམས་སྲུང་སྐྱོང་གི“ལས་གྲྭ་ཨང་དང་པོ”དེ་ཡིན་པའི་ངོས་ནས། ས་ཞིང་བརྒྱུད་བཤུག་དང་། སྡོང་ཕྲུག་འདེབས་འཛུགས། ལས་མི་སྤྱོད་པ་སོགས་ལྷུ་ཚིགས་མང་པོ་དང་འབྲེལ་བ་ཡོད་ཅིང་། དེའི་ནང་ཞུགས་མཁན་གཙོ་བོ་ནི་འཛུགས་སྐྲུན་ཚན་པ་དང་། ཨར་ལས་ཁེ་ལས། ཞིང་པ་ལས་མི་སོགས་ཚུད་ཡོད་པས་བཅའ་ཁྲིམས་ཀྱི་དགོས་མཁོ་རྙོག་འཛིང་ཆེ་ཞིང་རྣམ་པ་སྣ་ཚོགས་ཡོད། ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་རང་འགུལ་ངང་འགན་འཁྲི་ཁུར་ནས“འབྱུང་རྩ་ནས་སྔོན་འགོག་དང་སྔོན་ཚུད་ཞབས་ཞུའི”འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འཛིན་ཞབས་འདེགས་ཞུ་གནས་ལས་གྲྭའི་ལས་ཡུལ་སུ་སྤོས་ཏེ་ཉེན་ཁ་ཐོན་བཟོ་ཡོད་པའི་ས་ནས་བསལ་ཡོད།

    ལས་གྲྭར་སྐུལ་འདེད་གཏོང་བའི་ཁྲོད་བཅའ་ཁྲིམས་ཀྱི་དཀའ་གནད་གསལ་པོར་ཤེས་པ་བྱ་ཆེད། ཁྲིམས་ཁང་གིས་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཆེད་དོན་བརྟག་ཞིབ་ཚོགས་ཆུང་བཙུགས་ཏེ་སྔ་རྗེས་སུ་ས་བབ་སྨི་3000ལྷག་ཙམ་གྱི་ནགས་བཟོ་རྣམ་གྲངས་ལག་བསྟར་བྱ་ཡུལ་དུ་ཐེངས་བཞི་བསྐྱོད་པ་རེད། ལས་གྲྭ་འགན་གཙང་དང་། གན་རྒྱ་ལག་བསྟར། ངལ་རྩོལ་པ་དང་དངུལ་གཏོང་མཁན་དབར་གྱི་རྩོད་གཞི། སྐྱེ་ཁམས་སྲུང་སྐྱོང་སོགས་ཐད་ཀྱི་མི་མངོན་པའི་གནད་དོན་ཞིབ་ཕྲ་ཟིན་ཐོར་བཀོད་ནས་མི་མངོན་པའི་བཅའ་ཁྲིམས་ཀྱི་ཉེན་ཁ་རིགས་4དང་རྣམ་གྲངས་ཁག་12གསེད་བཀྲོལ་བྱས་པ་རེད།

    བཅའ་ཁྲིམས་ཤེས་བྱ་མང་ཚོགས་ལ་ཐད་ཀར་དྲིལ་བསྒྲགས་བྱ་ཆེད། ཁྲིམས་ཁང་གིས“སྔོ་འགྱུར་ལས་གྲྭའི་བཅའ་ཁྲིམས་ཞབས་ཞུའི་ཆེད་ལས་ཚན་ཁག”བཙུགས་ནས་རོང་ཤང་དང་རྫིང་ཕྱི་ཤང་སོགས་ལས་གྲྭ་གཅིག་སྡུད་ཆེ་སར་ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་4བྱས་པ་རེད། ལས་བྱེད་ཉེན་རྟོག་པས་གནས་སྐབས་དྲིལ་བསྒྲགས་ལས་སྟེགས་བཙུགས་ཏེ་རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དང་དམངས་དོན་ཁྲིམས་གཞུང་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གསལ་འགྲེལ་བྱས་ཏེ་རྙོག་འཛིང་ཆེ་བའི་བཅའ་ཁྲིམས་ཀྱི་དོན་ཚན་དེ་དག་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་འགྲེལ་བཤད་རྒྱག་གི་ཡོད།

    རྩོད་གཞི་གང་མགྱོགས་བསལ་ནས་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་པ།

    སྔོ་འགྱུར་ལས་གྲྭ་དང་འབྲེལ་བ་ཡོད་པའི་བྱེད་པོ་མང་བ་དང་ཁེ་ཕན་གྱི་འབྲེལ་བ་རྙོག་འཛིང་ཆེ་བས། རྩོད་གཞི་ཐག་གཅོད་བྱེད་པའི་ལས་ཆོད་ཀྱིས་ལས་གྲྭའི་མྱུར་ཚད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། “དོན་མེད་རྙོག་དྲ་བཟོས་ནས་ལས་གྲྭའི་འཕེལ་རིམ་ནར་འགྱངས་བྱུང་ཚེ་ང་ཚོ་སེམས་ཁྲལ་ཆེན་ཤོས་འདུག”ཅེས་ཨར་ལས་ཁེ་ལས་ཀྱི་འགན་འཁུར་བ་ཝང་ཅན་ཅུན་གྱིས་དེའི་ཐད་འགན་འཁུར་བ་གཞན་དང་འདྲ་བར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། གནད་དོན་དེར་དམིགས་ནས་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས“ཁྲིམས་ཁང་དང་། ནགས་ལས། ཁྲིམས་འཛིན། མི་སྤྱི། རང་བྱུང་ཐོན་ཁུངས། ཤང་། གྲོང་རྡལ་སྲིད་གཞུང”བཅས་ཟུང་དུ་འབྲེལ་བའི་སྣ་མང་མཐུན་སྦྱོར་གྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་གསར་གཏོད་བྱས་ཏེ་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་གྱིས་རྩོད་གཞི་ཐག་གཅོད་བྱེད་པར་མྱུར་ལམ་བསྐྲུན་ཡོད།

    ལས་གྲྭ་འཛུགས་སྐྲུན་ཁྲོད་རྒྱུན་དུ་མཐོང་བའི་ངལ་རྩོལ་རྩོད་གཞིར་དམིགས་ནས་ཁྲིམས་ཁང་གིས“སྔོན་ལ་འདུམ་འགྲིག་དང་ཁྲིམས་འཛིན་གཏན་འཁེལ”ཟུང་དུ་འབྲེལ་བའི་ཐོགས་མེད་བགྲོད་ལམ་བཏོད་དེ་གོ་རིམ་སྟབས་བདེ་རུ་གཏོང་བ་དང་དུས་ཡུན་ཐུང་དུ་བཏང་བས། སྔོ་འགྱུར་ལས་གྲྭ་དང་འབྲེལ་བ་ཡོད་པའི་རྩོད་གཞི་གང་མགྱོགས་ཐོ་འགོད་དང་། གང་མགྱོགས་འདྲི་གཅོད། གང་མགྱོགས་ཐག་གཅོད་བཅས་ཐུབ་ཡོད།

    རྩོད་གཞི་ཁག་གཅིག་ཐག་རིང་རི་གྲོང་དུ་ཐོན་པ་དང་དོ་བདག་འགྲོ་སྐྱོད་སྟབས་བདེ་མེད་པའི་གནས་ཚུལ་ལ་དམིགས་ནས། ཁྲིམས་ཁང་གིས“ཧྥུང་ཆའོ་རྣམ་པའི་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་རར”བརྟེན་ནས། ཁྲིམས་ར་ལས་གྲྭའི་ལམ་རྒྱུད་ཀྱི་གྲོང་ཚོ་དང་རྣམ་གྲངས་ཡོད་སར་སྤོས་ཏེ་རང་སར་གྲལ་བཤེར་དང་། རང་སར་འདུམ་འགྲིག རང་སར་འདྲི་གཅོད་བཅས་བྱས་པ་རེད།

    མིག་སྔའི་བར་སྐོར་སྐྱོད་ཁྲིམས་རས་རིམ་རྩིས་བརྒྱབ་ན། འགལ་ཟླ་དང་མངོན་མེད་ཉེན་ཁ་ཐེངས་21ལ་གྲལ་བཤེར་བྱས་པ་དང་། རྩོད་གཞི་18ཤེས་རྟོགས་དང་ཐག་གཅོད་བྱས་པ། འབྲེལ་ཡོད་འགན་འཁུར་ཕྱོགས་ཀྱིས་ངལ་རྩོལ་གླ་ཆ་སྒོར་ཁྲི་250ལྷག་ཙམ་སྤྲོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “གྱོད་གཞི་ཐག་གཅོད་བྱུང་ན་འཆམ་མཐུན་ལས་ཀྱིས་ཡོང་བ”དང་ལས་གྲྭ་བདེ་བླག་ངང་སྐུལ་འདེད་གཏོང་བ་གཉིས་ཀ་མངོན་འགྱུར་བྱུང་ཡོད།

    ཁྲིམས་འཛིན་གྱི་འགན་སྲུང་གང་ལེགས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི་འགན་སེམས་མངོན་པར་བྱས་པ།

    ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ཀྱི་འགན་ནུས་ལ་གཞི་ཚུགས་ཏེ་ཁྲིམས་འཛིན་ནན་པོར་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྱོང་བྱས་ཏེ་སྔོ་འགྱུར་ལས་གྲྭར་སྐྱེ་ཁམས་བདེ་འཇགས་ཀྱི་ཁྲིམས་འཛིན་འགོག་རགས་བརྟན་པོ་བསྐྲུན་པ་རེད།

    ད་ལོ་ཚུན་དུ། གླ་པ་རྒྱུག་མཁན་གྱི་ལས་རྨས་རྩོད་གཞི་ཞིག་ལ་ཁྲིམས་ཁང་གི་དོ་སྣང་བྱུང་ཞིང་། ཁྲིམས་ཁང་གིས་འགན་གཙང་ལེན་མཁན་ལ་ཁྲིམས་འཛིན་གྱི་གྲོས་འགོ་བཏོན་ནས་ལས་བཟོ་བ་ཡོངས་འགན་བཅོལ་ནང་ཞུགས་དགོས་པའི་བླང་བྱ་དོན་འཁྱོལ་བྱེད་པ་དང་རྣམ་གྲངས་ཚན་པས་འགན་བཅོལ་ནང་ཞུགས་ཚུལ་དེ་ལྟ་འདོམས་ཁྱབ་ཁོངས་ནང་འཇུག་དགོས་པའི་གྲོས་འགོ་བཏོན་པ་རེད།

    གཞན་ཡང་། ཁྲིམས་ཁང་གིས་སྐྱེ་ཁམས་སླར་གསོའི་ཁྲིམས་འཛིན་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་གྱོད་གཞིར་གསབ་འཛུགས་སླར་གསོ་དང་། ངལ་ལས་ཚབ་འཇལ། སྐྱེ་ཁམས་སླར་གསོའི་སྐྱིན་ཚབ་དངུལ་སོགས་འགན་འཁྲི་འཁུར་སྟངས་ཁྱབ་སྤེལ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་དེ་གྱོད་གཞི་འདྲི་ཞིབ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་རེད། བྱ་ཐབས་རབ་དང་རིམ་པ་བརྒྱུད། ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་བཅད་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སླར་གསོ་ཐུབ་པ་དང་ལས་གྲྭ་འཛུགས་སྐྲུན་གྱི་སྒྲིག་ལམ་དེ་བས་ཚད་ལྡན་དུ་བཏང་སྟེ། སྔོ་འགྱུར་ལས་གྲྭར་རྒྱུན་མཐུད་སྐུལ་སྤེལ་གཏོང་བར་ཁྲིམས་འཛིན་གྱི་སྟོབས་ཤུགས་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།