བདེ་སྐྱིད་འཚོ་བ་སྦྲང་རྩི་ལས་ཀྱང་མངར། དགའ་བའི་འཛུམ་མདངས་མེ་ཏོག་ལས་ཀྱང་མཚར།

འདི་ནི་མངའ་རིས་ས་ཁུལ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་རྒན་རྒོན་ཚོར་འཕུར་མཉེད་གཏོང་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མདུན་གྲོང་གྲོང་ཚོའི་ཡུལ་མིས་གྲོ་འཕྱར་བཞིན་པ།

འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སྨན་རྩིས་ཁང་དུ་ནད་པར་ལུམས་བཅོས་བྱེད་བཞིན་པ།

འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་བདེ་ཞིང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་མཉམ་སྡེབ་ཐོན་ལས་ཀྱི་ཁེ་སྤོགས་བགོ་འགྲེམས་དང་ལས་མིའི་གླ་ཆ་སྤྲོད་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་འཕྲོད་བསྟེན་ཁང་དུ་རིན་མི་དགོས་པར་འོས་འགན་སྨན་བཅོས་བྱེད་བཞིན་པ།

འདི་ནི་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་སུ་གཉེར་བའི་2025ལོའི་དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་མཐོ་རུ་དང་རྩལ་ནུས་ཆེ་རུ་གཏོང་བའི་ལས་བསྡུའི་འདུ་ཚོགས་ལ་ལས་ཀ་འཚོལ་མཁན་ཚོར་ངོ་རྒྱུགས་ལེན་བཞིན་པ།

འདི་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཁྲུང་ཆིང་སྐད་གཉིས་བུ་བཅོལ་ཁང་གི་བྱིས་པ་ཚོ་སློབ་གསེང་དུ་རྩེད་མོ་རྩེ་བཞིན་པ།
“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་ལྗོངས་ཀྱིས་སྔ་ཕྱི་བར་གསུམ་དུ་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་སྟེ་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་ཡོང་བར་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱས་ཡོད།
རྨང་གཞིའི་སློབ་གསོ་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2024ལོར་ལྗོངས་ཡོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་ཀུན་ལ་ཁྱབ་ཚད་100%དང་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་91.33%ཟིན་པ་དང་། ལྗོངས་ཡོངས་ཀྱི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་97.86%དང་སློབ་ལོ་ལོན་པའི་དབང་པོ་སྐྱོན་ཅན་ན་ཆུང་བྱིས་པ་འོས་འགན་སློབ་གསོར་བཀོད་སྒྲིག་བྱེད་ཚད་97%ལྷག་ཙམ་ཟིན་པ། མཐོ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་91.56%བར་མཐོ་རུ་ཕྱིན་ཡོད་པ་རེད། ས་མཐོའི་བུ་ཕྲུག་དེ་བས་མང་བས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས་མིག་རྒྱང་རིང་དུ་དང་འཇོན་ཐང་ཆེ་རུ་བཏང་སྟེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།
རང་ལྗོངས་ཀྱིས་འཐུས་སྒོ་ཚང་དུ་རྒྱུན་མཐུད་བཏང་བའི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གིས་དམངས་འཚོའི་བདེ་རྩར་བརྟེན་ནས་ས་མཐོའི་མང་ཚོགས་དེ་བས་མང་བར་ཕན་པ་སྦྱིན་ཡོད། ལོ་ལྔའི་རིང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་རྒན་གསོ་འགན་བཅོལ་དངུལ་གྱི་ཚད་གཞི་རིམ་རྩིས་བརྒྱབ་ན་17.53%བར་ལེགས་སྒྲིག་བྱས་པར་ལོ་རེར་ཆ་སྙོམས་འཕར་ཚད་3.5%ལྷག་ཙམ་ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་2020ལོའི་སྒོར་185ནས་2025ལོའི་སྒོར་295བར་མང་དུ་བཏང་ཡོད་པ་རེད། མཐོ་རུ་བརྟན་པོ་བཏང་བའི“རྒན་གསོའི་དངུལ”གྱིས་རྒན་རྒོན་མང་ཚོགས་ཀྱི་འཚོ་བའི་རྨང་གཞིར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་པ་རེད།
ཞིང་འབྲོག་པ་དེ་བས་མང་བ“བློ་བདེའི་ཁང་པའི”ནང་སྡོད་ཐུབ་པ་བྱ་ཆེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་ཉེན་ཡོད་ཁང་པ་སྒྱུར་བཀོད་བྱེད་པའི་ཀྲུང་དབྱང་གི་ཁ་གསབ་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་10.34དོན་འཁྱོལ་བྱས་ཏེ། ཉེན་ཡོད་ཁང་པ་ཁྲི་2.48ལ་སྒྱུར་བཀོད་བྱས་པ་དང་ཡོམ་འགོག་སྒྱུར་བཀོད་དུད་ཚང་ཁྲི་1.26ལེགས་སྒྲུབ་བྱས་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་གི་དཀའ་གནད་ནུས་ལྡན་ངང་ཞི་ལྷོད་དུ་སོང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་53.8བཏང་སྟེ། ལས་ཤག་ཁྲི་1.1ལྷག་ཙམ་བསྐྲུན་པ་དང་། སྤྱི་པའི་བོགས་གཏོང་ཁང་པ་ཁྲི་1ལྷག་ཙམ་གསར་དུ་བསྐྲུན་པ། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་1775གསར་སྐྲུན་དང་སྒྱུར་བཀོད་བྱས་པ། སྡོད་ཁང་སྐྱོ་ཁུལ་ཁྲི་2.8ལྷག་ཙམ་ལ་སྒྱུར་བཀོད་བྱས་པ། ཁྱིམ་ཚང་ཁྲི་2.94ལ་བོགས་གཏོང་ཁ་གསབ་སྒོར་དུང་ཕྱུར་1ལྷག་ཙམ་སྤྲད་ཡོད།
འབྲེལ་ཡོད་གསར་འགྱུར།