དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱིས་སྲ་གཟུགས་ཟོག་རོར་རིག་ནུས་ཅན་གྱི་ལྟ་འདོམས་བྱེད་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-12

    ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས་གྲངས་གཞི་ཆེ་མོ་དང་། ཟོག་འབྲེལ་དྲ་རྒྱ། མི་ཐབས་རིག་ནུས་སོགས་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས། སྲ་གཟུགས་ཟོག་རོར་རིག་ནུས་ཅན་གྱི་ལྟ་འདོམས་བྱེད་པའི་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། “སྙིགས་མེད་གྲོང་ཁྱེར”སྐྲུན་ཆེད་ཚན་རིག་དང་མཐུན་པའི་གྲངས་གཞིའི་འདེགས་སྐྱོར་དང་ལག་རྩལ་གྱི་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལས་སྟེགས་དེས་GISས་ཁམས་ཆ་འཕྲིན་གྱི་ངོ་ཤོག་རྨང་གཞིར་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་སྲ་གཟུཌ་ཟོག་རོ་ཐོན་པའི་ཁེ་ལས་74དང་། ཉེན་ཡོད་སྙིགས་རོ་གཉེར་སྐྱོང་ཁེ་ལས་2 གད་སྙིགས་ས་སྦས་གཏོང་ས་36སོགས་ཀྱི་བར་སྟོང་གི་བཀོད་པ་མཐོང་ཐུབ་ཀྱི་ཡོད།

    ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་མི་མེད་གནམ་གྲུའི་སྐོར་ཞིབ་ནང་འདྲེན་བྱས་ཏེ་གྲོག་རོང་དང་རི་མཐོའི་ཁུལ་ལ་དུས་བཀག་ལྟར་རབ་གསལ་པར་ལེན་དང་སྐོར་ཞིབ་བྱས་ཏེ། ས་ཆ་ཁག་གི་སྲ་གཟུགས་ཟོག་རོར་ཉིན་གང་ལྟ་འདོམས་བྱེད་ཐུབ་ཀྱི་ཡོད། “ཆབ་མདོའི་ཁོར་ཡུག་སྲུང་སྐྱོང”གི་ལག་ཐོགས་ཁ་པར་གྱི་APPགསར་སྤེལ་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི“འབྲེལ་གཏུག་གཱ”དང་ཟུང་འབྲེལ་བྱས་ནས་གྲོང་མིར་མཁོ་འདོན་བྱས་པས། མང་ཚོགས་ཀྱིས་སྲ་གཟུགས་ཟོག་རོའི་སྦགས་བཙོག་ཐེབས་པའི་ཁོར་ཡུག་དང་སྐྱེ་ཁམས་ལ་གཏོར་སྐྱོན་གཏོང་བའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། ལག་ཞོར་ལ་པར་བརྒྱབ་ནས་ལས་སྟེགས་དེར་བཏང་ན། ལས་སྟེགས་ཀྱིས་འཕྲལ་མ་ཉིད་དུ་ལས་འགན་དེ་རྫོང(ཆུས)ཁག་གིས་ཐག་གཅོད་བྱེད་པར་རྩིས་སྤྲོད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།