དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་གླ་ཕོགས་འགྱངས་ཆད་ཀྱི་གྱོད་གཞི་རྩ་བ་ནས་ཐག་གཅོད་བྱས་པ།

    ད་ལོ་རིམ་རྩིས་བརྒྱབ་ན་གླ་ཕོགས་འགྱངས་ཆད་ཀྱི་གྱོད་གཞི་1160ཐག་གཅོད་བྱས་ནས་དངུལ་སྒོར་དུང་ཕྱུར་1.14འདེད་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-12

    ཉེ་དུས། འཚོགས་པའི་ལྗོངས་ཡོངས་ཀྱི་གླ་ཕོགས་འགྱངས་ཆད་ཐག་གཅོད་བྱེད་པའི་དགུན་དུས་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས“གླ་ཕོགས་འགྱངས་ཆད་ཀྱི་གྱོད་གཞི་1160ཐོན་རིམ་བཞིན་ཐག་གཅོད་བྱས་ནས། ངལ་རྩོལ་པ་7199ཡི་གླ་ཕོགས་སྒོར་དུང་ཕྱུར་1.14འདེད་ལེན་བྱས”པའི“གྲུབ་འབྲས”སྟོན་པ་རེད། ད་ལོ་ཚུན་དུ། བོད་ཀྱིས་གླ་ཕོགས་འགྱངས་ཆད་གྱོད་གཞི་ཐག་གཅོད་བྱ་རྒྱུ་དེ་ལས་ཀ“ཨང་དང་པོར”བརྩིས་ཐོག་འབྱུང་རྩ་ནས་བཅོས་སྒྲིག་དང་། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ། འགོག་བཅོས་ཟུང་འབྲེལ། རྩ་ལག་མཉམ་བཅོས་བཅས་བྱས་ནས།“འགྱངས་ཆད་བྱེད་མི་ཕོད་པ་དང་། འགྱངས་ཆད་བྱེད་མི་ཐུབ་པ། འགྱངས་ཆད་བྱེད་མི་འདོད་པ”བཅས་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།

    ལྟེ་བའི་དམིགས་ཚད་གསུམ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། མིག་སྔའི་བར། ཞིང་འབྲོག་པའི་ཆེད་སྤྱོད་རྩིས་ཁྲ་ཁྱབ་ཚད་98.75%དང་། ཞིང་པ་ལས་མིའི་མིང་དངོས་ལམ་ལུགས་དོ་དམ་ཁྱབ་ཚད་96.45% གླ་ཕོགས་ཁག་ཐེག་དངུལ་ཁྱབ་ཚད་95.84%བཅས་ཟིན་ནས། ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པས། ཟླ་བདུན་པར་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་ཡོད་པ་རེད།

    རང་སྐྱོང་ལྗོངས་ཀྱིས་གླ་ཕོགས་འགྱངས་ཆད་ཐག་གཅོད་ལས་དོན་གྱི་འགན་འཁྲིའི་འཁོར་འབྲེལ་རྒྱུན་ཆད་མེད་པར་དམ་དུ་བཏང་ནས་སྔ་རྗེས་སུ་ཆེད་དོན་ཚོགས་འདུ་ཐེངས་80ལྷག་འཚོགས་ཤིང་། གྲོང་ཁྱེར(ས་ཁུལ)7དང་ལྗོངས་ཐད་གཏོགས་ཚན་པའི་གླ་ཕོགས་འགྱངས་ཆད་ཐག་གཅོད་ལས་དོན་དེ་ཕྱོགས་བསྡུས་བཅོས་སྐྱོང་དཔྱད་བསྡུར་ནང་བཅུག་ནས“གཟའ་འཁོར་རེར་བཀོད་གཏོང་རེ་དང་། ཟླ་བ་རེར་བརྡ་ཁྱབ་རེ། ལོ་རེར་དཔྱད་ཞིབ་རེ”བཅས་ལག་བསྟར་བྱས་པ་རེད། གྲོང་ཁྱེར་དང་རྫོང་དང་ཤང་བཅས་རིམ་གསུམ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་ལས་རིགས་སྡེ་ཚན་གཉིས་ཀྱིས“ཆེད་དོན་ཚན་ཁག་གཉིས”བཙུགས་ནས་ཉེན་ཁའི་དྲན་སྐུལ་ཡི་གེ་248བསྐུར་བ་དང་། མི་ཐེངས་78ལ་སྐོང་འདྲི། བརྡ་ཁྱབ་ཐེངས་10བཅས་བཏང་ནས་དམ་བསྒྲགས་རྣམ་པ་ཞིག་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།