ལྷ་ས་ནས་ནན་ཁྲུང་དང་དེ་ནས་དབྱང(ཐའེ)ཀྲོའུ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ།
ཉིན་ཤས་གོང་། བོད་ལྗོངས་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་TV9989དབྱང་ཀྲོའུ་ཐའེ་ཀྲོའུ་རྒྱལ་སྤྱིའི་གནམ་ཐང་དུ་བརྟན་པོར་བབས་པ་དང་བསྟུན་ནས། ལྷ་ས་ནས་ནན་ཁྲུང་དང་དེ་ནས་དབྱང(ཐའེ)ཀྲོའུ་བར་གྱི་མཁའ་འགྲུལ་ཐོག་མ་ཤར་གཏོང་བདེ་བླག་ཐུབ་པ་མཚོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མཁའ་འགྲུལ་གྱིས་མཁའ་ལམ་དེའི་འཕུར་སྐྱོད་ལས་འགན་འཁུར་གྱི་ཡོད་པ་དང་། གནམ་གྲུ་གཏོང་བའི་དུས་ཚོད་ནི་གཟའ་འཁོར་རེའི་གཟའ་ཟླ་བ་དང་། གཟའ་ལྷག་པ། གཟའ་པ་སངས། གཟའ་ཉི་མ་བཅས་ཡིན་ལ། མཁའ་ལམ་དེ་ཤར་གཏོང་ཐུབ་པ་ལས་འབྲི་ཆུའི་ཟུར་གསུམ་གླིང་དང་མཚོ་བོད་ས་མཐོ་སྦྲེལ་མཐུད་དམ་ཟབ་ཐུབ་ནས་འགྲོ་འོང་གི་དུས་ཚོད་ཆེས་ཆེར་ཐུང་དུ་ཕྱིན་ཏེ། འགྲུལ་པ་ཕྱིར་བསྐྱོད་སྐབས་དེ་བས་སྟབས་བདེ་རུ་སོང་ཡོད།
འབྲེལ་ཡོད་གསར་འགྱུར།