2025ལོའི་བོད་ལྗོངས་ལུས་རྩལ་ཞབས་བྲོའི་ལེགས་སྐྱེས་འགྲན་བསྡུར་དང་མཐའ་བསྡུར་གཉེར་བ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་དང་བོད་རང་སྐྱོང་ལྗོངས་ཞབས་བྲོའི་ལུས་རྩལ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི་བོད་ལྗོངས་ལུས་རྩལ་ཞབས་བྲོའི་ལེགས་སྐྱེས་འགྲན་བསྡུར་དང་མཐའ་བསྡུར་དང་ཉིང་ཁྲིའི་ཞབས་བྲོའི་དུས་ཆེན་ཉིང་ཁྲི་གྲོང་ཁྱེར་དམངས་ཡོངས་ལུས་སྦྱོང་བྱེད་སྒོའི་ལྟེ་གནས་སུ་གཉེར་བ་རེད།
ད་རེས་ཀྱི་འགྲན་བསྡུར་གྱིས“དམངས་ཡོངས་ལུས་སྦྱོང་བྱེད། ས་མཐོར་བྲོ་གར་འཁྲབ”བརྗོད་དོན་གཙོ་བོར་བྱས་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་ལྗོངས་ནང་ཁུལ་ནས་ཡོང་བའི་བདམས་ཐོན་པ་600ལྷག་ཙམ་འགྲན་བསྡུར་ལ་ཞུགས་པའི་ཡིད་དབང་བཀུག་པ་དང་། རིམ་རྩིས་བརྒྱབ་ན་མི་ཐེངས་1200ལྷག་ཞུགས་ཡོད། འགྲན་བསྡུར་ནང་ཚད་ལྡན་ཞབས་བྲོ་དང་། ལ་ཏིང་ཞབས་བྲོ། མི་རིགས་ཞབས་བྲོ། ཀྲུང་གོའི་ཞབས་བྲོ། པ་ལིའི་ཞབས་བྲོ། ཁྲོམ་བྲོ་སོགས་ཞབས་བྲོའི་རིགས་སྣ་མང་འདུས་ཤིང་། ཆེད་ལས་བདམས་ཐོན་པའི་འགྲན་རྩོད་ཛ་དྲག་ཡོད་ལ་ལས་ཞོར་ཞབས་བྲོ་བའི་སྤྲོ་སེམས་འཁོལ་བའི་འགྲེམས་འཁྲབ་ཀྱང་ཡོད་པས།“རྩལ་འགྲན་དང་ཁྱབ་གདལ་གལ་ཆེ་མཉམ་འཛིན་དང་ཆེད་ལས་དང་མང་ཚོགས་མཉམ་འཁྲབ”ཀྱི་འདུ་ཤེས་གང་ལེགས་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།