དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་འཐུས་མི་ཚོགས་པར་སྐབས་འདིའི་དབང་སྐྱོན་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟཌ་མ་ཐོག་མ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-12

    རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་དུ་ཚ་ཚ་འུར་འུར་ངང་གཉེར་བཞིན་ཡོད།

    ཚེས་10ཉིན་གྱི་སྔ་དྲོར། རང་ལྗོངས་ཀྱི་ལོ་11ལ་སླེབས་པའི་དབང་སྐྱོན་ལུས་རྩལ་པ་དངོས་གྲུབ་ཚེ་རིང་གིས་ཚང་མའི་རེ་བ་ཆུད་ཟོས་སུ་མ་བཏང་བར། དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་8ནས་11བར་གྱི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་ཚོགས་ཆུང་གི་ལེ་ཆིའུ་སྤོ་ལོའི་རྣམ་གྲངས་ནང་གསེར་གྱི་རྟགས་མ་བླངས་པ་དང་། འདི་ནི་སྐབས་འདིའི་བོད་ཀྱི་འཐུས་མི་ཚོགས་པར་ཐོབ་པའི་གསེར་གྱི་རྟགས་མ་ཐོག་མ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།