“རིག་གནས་བོད་ལྗོངས”གསར་གཏོད་འགྲན་བསྡུར་ཆེ་མོ་སྐབས་བཞི་པ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ།
ཚེས་9ཉིན། “རིག་གནས་བོད་ལྗོངས”གསར་གཏོད་འགྲན་བསྡུར་ཆེ་མོ་སྐབས་བཞི་པའི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཚོགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲན་བསྡུར་ཆེ་མོར་ལྗོངས་ཡོངས་ཀྱི་འགྲན་ཞུགས་བརྩམས་ཆོས་241འབྱོར་བ་དག་རིམ་པ་བཞིན་འདེམས་སྒྲུག་བྱས་པ་བརྒྱུད་ཕུལ་བྱུང་བརྩམས་ཆོས་20འབུར་དུ་ཐོན་ནས་མཐའ་བསྡུར་ནང་ཚུད་ཡོད་པ་རེད། མཐའ་མའི་འགྲན་བསྡུར་ཛ་དྲག་པོ་བྱས་མཐར་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་བདམས་ཐོན་བྱུང་ཡོད།
ཛ་དྲག་ཆེ་བའི་འགྲན་བསྡུར་ཕུད། བྱེད་སྒོ་སྤེལ་སར་ད་དུང་བརྩམས་ཆོས་ངོམ་སྟོན་བྱས་ཤིང་། ཆེད་ལས་ཀྱི་མོ་ཐྲོལ་ཚོས“རིག་གནས་ཕོ་ཉ”བྱས་ཏེ་འགྲེམས་སྟེགས་ཐོག་བཞག་པའི་བྱ་དགའ་ཐོབ་པའི་བརྩམས་ཆོས་ལག་ཏུ་ཁྱེར་བ་དང་། ཤོམ་འགྲོས་ཀྱི་རྣམ་པ་བརྒྱུད་དེ་དག་གི་ཡིད་དབང་འཕྲོག་ཤུགས་དང་གསར་གཏོད་ཀྱི་ཆ་ཕྱོགས་ཡོངས་དང་ཆ་ཚང་བའི་ངང་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།