དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གཏེར་ལེན་ཁ་གྲོང་ཁྱེར་གྱིས།

    མཚོ་ནག་གཡུ་མཚོའི་མཐའ་འཁོར་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་གད་སྙིགས་ཉིན་ལྟར་གཙང་སེལ་ཐུབ་པར་འགན་ལེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཆའོ་ཏུང་།   |     སྤེལ་དུས།  2025-12-11

    ཟླ་11ཚེས་24ཉིན། འདི་ག་ཚགས་པར་གྱི“ཀློག་པ་པོས་བསྐུར་བའི་འཕྲིན་ཡིག”པར་ངོས་ཐོག《མཚོ་ནག་གཡུ་མཚོའི་མཐའ་འཁོར་གྱི་གད་སྙིགས་སུ་ཡིས་གཙང་སེལ་བྱེད》ཅེས་པའི་རྩོམ་ཡིག་ཅིག་སྤེལ་ནས། མཚོ་སྔོན་གྱི་མཚོ་ནག་གཡུ་མཚོའི་མཐའ་འཁོར་གྱི་གད་སྙིགས་ཀྱིས་ཁོར་ཡུག་ལ་སྦགས་བཙོག་བཟོས་པ་དང་རླངས་འཁོར་གྱིས་སྔོ་ཁེབས་བརྫིས་ནས་གཏོར་བརླག་བཟོས་པ་སོགས་ཀྱི་གནད་དོན་ཐེར་འདོན་བྱས་ཤིང་། གནས་ཚུལ་སྤེལ་བའི་ཉིན་དེ་རང་དུ། གཏེར་ལེན་ཁ་གྲོང་ཁྱེར་གྱིས་མྱུར་ཏུ་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ་མཚོ་ནག་གཡུ་མཚོའི་ཡུལ་དངོས་སུ་བསྐྱོད་ནས་གྲལ་བཤེར་བྱས་པ་རེད།

    གྲལ་བཤེར་བྱས་པ་བརྒྱུད། གནད་དོན་ཐོན་ཡུལ་དེ་གར་གཏེར་ལེན་ཁ་གྲོང་ཁྱེར་གྱིས་གད་སྙིགས་བླུགས་ས་འབྲིང་གྲས་5དང་ཆེད་གཉེར་ལས་དོན་པ་3གསར་དུ་བསྣན་ནས་རྒྱུན་གཏན་སྐོར་ཞིབ་བྱེད་ཚད་མང་དུ་བཏང་བ་དང་། 《གཏེར་ལེན་ཁ་གྲོང་ཁྱེར་མཚོ་ནག་གཡུ་མཚོ་ཁོར་ཡུག་འཕྲོད་བསྟེན་དོ་དམ་ཚོད་འཛིན་བྱ་ཐབས》དང《མཚོ་ནག་གཡུ་མཚོའི་མཐའ་འཁོར་གྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་ཇུས་གཞི》བཟོས་ཏེ་མཚོ་འགྲམ་གྱི་གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱས་ནས། གད་སྙིགས་ཀྱིས་གཡུ་མཚོར་སྦགས་བཙོག་བཟོ་བའི་གནད་དོན་མི་ཐོན་པར་བྱས་པ་རེད།

    དེ་དང་ཆབས་ཅིག གཏེར་ལེན་ཁ་གྲོང་ཁྱེར་སྲིད་གཞུང་གིས་ཞུས་ཅི་ཤང་སྲིད་གཞུང་ལ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་དང་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་གཉིས་དང་མཉམ་དུ་མཚོ་འགྲམ་ནས་སྤྱི་ལེ་1གི་ཁྱབ་ཁོངས་སུ་སྐྱེ་ཁམས་སྲུང་སྐྱོང་བར་ཆོད་ཁུལ་དབྱེ་འབྱེད་གཏན་འཁེལ་བྱེད་པ་དང་ཆབས་ཅིག དགུན་ཁ་མཚོ་ནག་གཡུ་མཚོ་ཁུལ་དུ་གནས་སྐབས་བཀག་སྡོམ་དོ་དམ་བྱས་ཏེ། ཡུལ་སྐོར་བ་དང་སྤྱི་ཚོགས་ཀྱི་རླངས་འཁོར་གང་ཡིན་རུང་ཆོག་མཆན་མ་ཐོབ་པར་རང་དགར་གཏན་ནས་འཛུལ་མི་ཆོག་པའི་མཉམ་འབྲེལ་བརྡ་ཁྱབ་གཏོང་དུ་བཅུག་པ་རེད།

    གཞན་ཡང་། གཏེར་ལེན་ཁ་གྲོང་ཁྱེར་གྱིས་གྲོང་ཁུལ་ནས་མཚོ་ནག་གཡུ་མཚོར་བསྐྱོད་པའི་བགྲོད་ལམ་གང་མགྱོགས་བཟོས་ནས་ཆེད་ལས་སྐོར་སྲུང་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དཔུང་ཁག་འཛུགས་པ་དང་། བརྙན་ལམ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་བསྒར་བ། གད་སྙིགས་བླུགས་སྒམ་མང་དུ་གཏོང་བ་བཅས་བྱས་ཐོག་རྒྱུན་གཏན་སྐོར་ཞིབ་དང་གཅིག་སྡུད་གཙང་སེལ་བྱེད་པའི་གད་སྙིགས་གཙང་སེལ་ལམ་སྲོལ་བཙུགས་ཏེ། གཡུ་མཚོའི་འགྲམ་རྒྱུད་དང་སྒར་རྒྱག་ཁུལ་སོགས་གཙོ་གནད་ས་ཁོངས་ལ་རྒྱུན་རྣམ་ཅན་གྱི་གཙང་སྦྲ་བྱས་ནས། གད་སྙིགས་ཉིན་ལྟར་གཙང་སེལ་ཡོང་བར་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།