མཚོ་སྔོན་གྱི་ལྗང་མདོག་གློག་བྱང་ཤར་དུ་ཐོག་མར་བཏང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་8ཉིན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། མཚོ་སྔོན་གློག་ཤུགས་ཉོ་ཚོང་ལྟེ་གནས་དང་། པེ་ཅིང་གློག་ཤུགས་ཉོ་ཚོང་ལྟེ་གནས། ཅི་ལིན་གློག་ཤུགས་ཉོ་ཚོང་ལྟེ་གནས་བཅས“དྲ་གསུམ”མཉམ་འགུལ་བྱས་ནས། ཞིང་ཆེན་དང་ས་ཁུལ་སྒྲོལ་བའི་དུས་ཡུན་རིང་འབྲིང་གི་ཕྱིར་གཏོང་གློག་ཤུགས་ཉོ་ཚོང་ལ་ཐུན་མོང་ཐོག་གྲོས་མཐུན་བྱུང་སྟེ་མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་རང་རྒྱལ་གྱི་བྱང་ཤར་ས་ཁུལ་དུ་ཐོག་མར་བཏང་ཡོད། ཉོ་ཚོང་གློག་ཚད་ཟླ་12ཚེས་8ཉིན་ནས་ཟླ་12ཚེས་31ཉིན་བར་ལག་ལེན་བསྟར་རྒྱུ་ཡིན་ཞིང་། རིམ་རྩིས་བརྒྱབ་ན་ཉོ་ཚོང་གློག་ཚད་ཆུ་ཚོད་ཆན་ཝ་ཁྲི་1876ཟིན་རྒྱུ་རེད། མཚམས་འདིར་མཚོ་སྔོན་གློག་ཤུགས་ཀྱི་དུས་ཡུན་རིང་འབྲིང་ཉོ་ཚོང་བྱེད་སའི་ཞིང་ཆེན་22བར་མང་དུ་ཕྱིན་ཡོད།
ད་ཐེངས་ཉོ་ཚོང་ཁྲོད་དུ་ད་ཡོད་ཀྱི་གློག་ལམ་གྱི་ནུས་པ་གང་ལེགས་སྤྱད་དེ་མཚོ་སྔོན་རང་སའི་གློག་འདྲེན་སྤྱོད་ལ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག ཞིང་ཆེན་ནང་ཁུལ་གྱི་འོད་ཤུགས་གློག་འདོན་པའི་ཁྱད་ཆོས་དང་བྱང་ཤར་ས་ཁུལ་གྱི་ཐེག་ཚད་འཁྱོག་ཐིག་ལ་ཚོད་རྩིས་གནད་སྨིན་བརྒྱབ་པ་བརྒྱུད། གློག་འདྲེན་དུས་མཚམས་ཡག་ཤོས་བཙལ་ནས་གློག་ཚད་ལྷག་མ“ཐུམ་སྒྲིལ”བརྒྱབ་སྟེ་ཕྱིར་བཏང་བས་མཚོ་སྔོན་གྱི་ནུས་རྒྱུ་གསར་པ་སྤྱོད་ཚད་མཐོ་རུ་ཕྱིན་པ་དང་ཆབས་ཅིག བྱང་ཤར་ས་ཁུལ་ལ་གློག་ཤུགས་ཁ་གསབ་བརྟན་པོ་ཡང་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།