དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གི་ཚོད་སྐོར་འགྲན་བསྡུར་ནང་བོད་ཀྱི་རུ་ཁག་ཧྲང་ཧའེ་རུ་ཁག་ལས་རྣམ་པར་རྒྱལ་བ།

འདི་ནི་ཕྱོགས་གཉིས་པོའི་སྤོ་ལོ་རྒྱག་མཁན་གྱིས་འགྲན་བསྡུར་ཚར་རྗེས་ལག་པ་གཏོང་རེས་བྱེད་བཞིན་པ།

འདི་ནི་བོད་ལྗོངས་རུ་ཁག་གི་རུ་མི་ཟླ་བ་སྐལ་བཟང(གཡས)གིས་སྤོ་ལོ་བླུགས་རྗེས་དགའ་འབོད་བྱེད་བཞིན་པ།
ཟླ་12ཚེས་8ཉིན། ཀོང་ཏུང་ཞིང་ཆེན་ཅང་མོན་གྲོང་ཁྱེར་དུ་གཉེར་བའི་རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་རྐང་རྩེད་སྤོ་ལོའི་རྣམ་གྲངས་རུ་ཁག་གི་ཚོད་སྐོར་འགྲན་བསྡུར་གྱི་རེས་སྐོར་དང་པོའི་འགྲན་བསྡུར་ནང་བོད་ཀྱི་རུ་ཁག་7དང་3གྱི་བསྡུར་གྲངས་ཐོག་ནས་ཧྲང་ཧའེ་རུ་ཁག་ལས་རྣམ་པར་རྒྱལ་ཡོད།
འབྲེལ་ཡོད་གསར་འགྱུར།