དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་མོལ་གྱིས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཨན་ཆི།   |     སྤེལ་དུས།  2025-12-11

    “ཀྲུའུ་ཞི་ཞི་ཅིན་ཕིང་ནི་མཁྱེན་རྒྱ་ཡངས་པའི་རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་པ་ཞིག་རེད” ཉིན་ཤས་གོང་ཧ་སག་སི་ཐན་གྱི་གཞོན་ནུ་ལུའུ་སི་ལན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་མོལ་གྱིས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་རེ་ཆུད་ཟོས་སུ་མི་གཏོང་བར་དུས་རབས་གསར་པའི་ཧ་ཀྲུང་མཛའ་གྲོགས་ཀྱི་ཕོ་ཉ་ཡག་པོ་ཞིག་བྱེད་ངེས་ཡིན”ཞེས་བརྗོད།

    2009ལོར། ཧའེ་ནན་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ་ནས་བཟུང་། ལུའུ་སི་ལན་ཧའེ་ནན་དུ་ལོ་16འཚོ་བ་བསྐྱལ་ཞིང་། ཁོང་ལ་ད་དུང་མི་ཚང་མས་ཤེས་གསལ་གྱི་མིང་ཞིག་ཡོད་པ་སྟེ“དོམ་ཁྲག་དཔའ་བོ”ཞེས་པ་དེ་རེད།

    2013ལོའི་ཟླ་9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་དུ《མི་དམངས་ཀྱི་མཛའ་གྲོགས་དར་སྤེལ་བཏང་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད》ཅེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། ལོ་དེར་ལོ་21ལ་སླེབས་པའི་ལུའུ་སི་ལན་གྱི་རྒྱ་ཡིག་དེ་ཙམ་བྱང་ཆུབ་པོ་མེད་ཀྱང་ཧའེ་ནན་སློབ་ཆེན་གྱི་ཉལ་ཁང་ནང་ཁོང་དང་སློབ་གྲོགས་ཚོ་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ལྟ་ཉན་བྱས་པ་རེད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཏམ་བཤད་ནང་ཀྲུང་ཧ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་འགྲོ་འོང་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་གཉིས་གསུངས་པ་དང་། དེའི་ཁྲོད་ཀྱི་གཅིག་ནི་ལུའུ་སི་ལན་གྱིས་ལོ་ལྟར་རིན་མེད་ངང་ཁྲག་ཐེངས་གཉིས་འབུལ་བ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ནད་པ་ཁ་ཤས་ཀྱི་ནད་གཞི་དྲག་སྐྱེས་ཡོང་བར་བྱས་རྗེས་བཞག་ཡོད་ཅེས་པ་དེ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ངག་འཇམ་པོས“RHསྲིབ་གཤིས་ཁྲག་རིགས་ནི་ཀྲུང་གོར་ཧ་ཅང་དཀོན་པའི་ཁྲག་རིགས་ཤིག་ཡིན་ལ། ‘དོམ་ཁྲག’ཅེས་འབོད་ཀྱིན་ཡོད། ཁྲག་རིགས་འདིའི་རིགས་ཀྱི་ནད་པར་ཁྲག་ཁུངས་རྙེད་ཁག་པོ་ཡོད། ཧ་སག་སི་ཐན་གྱི་ཕྱི་སྦྱོང་སློབ་མ་ལུའུ་སི་ལན་ནི་ཁྲག་རིགས་འདི་རེད”ཅེས་གསུངས།

    “སྐབས་དེ་དུས་ངའི་ཚོར་སྣང་དང་པོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པའི་ལུའུ་སི་ལན་ནི་རང་ཉིད་ཡིན་ནམ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ངའི་གནས་ཚུལ་ཇི་ལྟར་མཁྱེན་ནམ་སྙམ་བྱུང”སྐབས་དེ་དུས་ཀྱི་གནས་ཚུལ་ལ་དྲན་གསོ་བྱེད་སྐབས་ལུའུ་སི་ལན་སྔར་བཞིན་དགའ་ཚོར་ཆེན་པོ་བྱུང་ཡོད། སྐབས་དེ་དུས་ཀྱི་བརྙན་ལམ་དཔྱད་གཞིར་ལྟ་སྐབས་ལོ་ན་ཕྲ་བའི་ལུའུ་སི་ལན་སློབ་གྲོགས་ཚོའི་ཁྲོད་དུ་བསྡད་དེ་ངོ་གདོང་ནས་འཚེར་སྣང་མངོན་བཞིན་དུ“ང་ནི་མི་དཀྱུས་མ་ཞིག་ཡིན་པས་སྒྲུབ་འོས་པའི་བྱ་བ་ཞིག་བསྒྲུབས་པ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེའི་སྐོར་གསུངས་པ་ནི་བསམ་ཡུལ་ལས་འདས་སོང”ཞེས་ལུའུ་སི་ལན་གྱིས་བརྗོད།

    ཐེངས་དེའི་གསུང་བཤད་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས“དར་གོས་ལམ་བུའི་དཔལ་འབྱོར་རྒྱུད”མཉམ་སྐྲུན་བྱ་རྒྱུའི་གྲོས་འགོ་ཐོག་མར་བཏོན་གནང་བ་རེད། ལོ་12རིང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་ཧ་སག་སི་ཐན་དུ་སྐུལ་འདེད་བརྟན་པོ་བཏང་བ་དང་གྲངས་འཛིན་དང་། ལྗང་མདོག ཚན་རྩལ་སོགས་ཐོན་སྐྱེད་ནུས་ཤུགས་གསར་མའི་མཉམ་ལས་འཕེལ་རྒྱས་ཕྱིན་ནས་ས་ཁོངས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ལུའུ་སི་ལན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་ལ་མཁྱེན་རྒྱ་ཡངས་པ་དང་བརྩེ་སེམས་ཟབ་མོ་གང་ལེགས་མཚོན་པའི་ངོས་འཛིན་བྱེད་ཀྱི་ཡོད། “ངའི་མེས་རྒྱལ་དུ་སྤུས་ཚད་མཐོ་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་བྱས་པ་ལས་རླུང་གློག་ར་བ་དང་། གྲུ་ཁ། དེང་རབས་ཅན་གྱི་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་དང་གྲངས་འཛིན་ཚན་རྩལ་སོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཐོབ་ཡོད་པས། དེ་དག་གིས་ས་གནས་དེ་གར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་དམངས་འཚོ་ལེགས་སུ་འགྲོ་རྒྱུར་རམ་འདེགས་ཐུབ་ཡོད”ཅེས་ལུའུ་སི་ལན་གྱིས་བརྗོད།

    2013ལོར། ལུའུ་སི་ལན་གྱིས་མི་དམངས་ཉིན་རེའི་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་རང་ཉིད་ཀྱི་རེ་བ་གཉིས་བརྗོད་པ་སྟེ། གཅིག་ནི་རང་ཉིད་ཀྱི་རྒྱ་སྐད་ཀྲུང་གོ་བ་ལྟར་ཡག་པོ་རྒྱག་ཐུབ་པ་བྱེད་པ་དང་། གཉིས་ནི་སློབ་གྲྭ་ཐོན་རྗེས་མུ་མཐུད་ཧའེ་ནན་དུ་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་རེད། ད་ཆ་ཕུགས་འདུན་གཉིས་ཀ་མངོན་འགྱུར་བྱུང་ཡོད།

    2022ལོའི་ཟླ་4པར། ཀྲུའུ་ཞི་ཞི་ཅིན་ཕིང་ཧའེ་ནན་ཞིང་ཆེན་ཏན་ཀྲོའུ་གྲོང་ཁྱེར་དུ་གནས་པའི་དབྱང་ཕུའུ་དཔལ་འབྱོར་གསར་སྤེལ་ཁུལ་དུ་རྟོག་ཞིབ་གནང་སྐབས་ལུའུ་སི་ལན་ལས་དོན་པའི་ངོས་ནས་སྣེ་ལེན་ལ་ཞུགས་ཡོད། དབྱང་ཕུའུ་རྒྱལ་སྤྱིའི་དོས་སྒམ་གྲུ་ཁའི་ཞའོ་ཁྲེན་ཐན་གྲུ་ཁ་ནས་ལུའུ་སི་ལན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་མཇལ།

    “ངས་ཀྲུའུ་ཞི་ཞི་ཅིན་ཕིང་ལ‘ངའི་མིང་ལ་ལུའུ་སི་ལན་ཟེར་བ་དང་ཧ་སག་སི་ཐན་ནས་ཡིན’ཞེས་ངོ་སྤྲོད་ཞུས་མ་ཟིན་གོང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ལམ་སེང་ངོ་མཁྱེན་སོང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས‘ཁྱེད་རང་གིས་ཁྲག་ཕུལ་བའི་སྐོར་བརྗོད་པ་ཡིན’ཞེས་གསུངས་བྱུང་། བརྒྱུད་རིམ་དེའི་སྐོར་གླེང་སྐབས་ལུའུ་སི་ལན་གྱི་སྐད་ཆ་ལས་སྤོབས་སེམས་ཕྲན་ཙམ་མངོན། ཁོང་གིས་གསར་འགོད་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ངར་འཛུམ་དམུལ་དམུལ་ངང་བཀའ་མོལ་དེ་དག་གསུངས་པ་མ་ཟད། ཁོང་ལ་ཞུས་པའི་སྐད་ཆ་ནན་ཏན་ངང་གསན་སོང་ཞེས་བརྗོད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུའུ་སི་ལན་གྱིས་རྒྱ་སྐད་ཡག་པོ་རྒྱག་གི་འདུག ཀྲུང་གོ་བ་དང་ཁྱད་པར་མི་འདུག་ཅེས་གསུངས་པ་དང་འབྲེལ་རྒྱལ་སྤྱིའི་ཤེས་ལྡན་པ་དེ་བས་མང་བ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན་ཞེས་གསུངས། “ཀྲུའུ་ཞི་ཞི་ཅིན་ཕིང་གིས‘ཚང་མ་ཁྱིམ་ཚང་གཅིག་ལྟར་ཡིན’ཞེས་གསུངས་པའི་བཀའ་མོལ་དེས་ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་ལ། རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་པ་ཞིག་གི་བརྩི་འཇོག་དང་ཀྲུང་གོས་རྒྱལ་སྤྱིའི་ཤེས་ལྡན་པར་མཐོང་ཆེན་བྱས་པའང་ཚོར་བྱུང་། འདི་གར་ང་ཕྱི་རྒྱལ་བ་ཞིག་ཡིན་པ་ལས་ཕྱི་མི་ཞིག་མིན”ཞེས་ལུའུ་སི་ལན་གྱིས་བརྗོད།

    2024ལོའི་ཟླ་7པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་སྨྱན་སྦྱོར་ཐོག《བློ་སེམས་གཅིག་མཐུན་གྱིས་ཀྲུང་ཧའི་འབྲེལ་བའི་ལེའུ་གསར་པ་མུ་མཐུད་རྩོམ་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད། རྩོམ་ཡིག་ནང་ཀྲུང་ཧའི་དབར་ཕན་ཚུན་རོགས་རེས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཐད་མི་ཆོས་རིག་གནས་སྤེལ་རེས་ཀྱི་མཐོ་རླབས་གསར་པ་འཕྱུར་བ་དང་། “དོམ་ཁྲག་དཔའ་བོ”ཞེས་བརྗོད་པའི་ལུའུ་སི་ལན་ནི་དུས་རབས་གསར་པའི་ཀྲུང་ཧའི་མཛའ་གྲོགས་ཀྱི་ཕོ་ཉ་ཡིན་ཚུལ་སླར་ཡང་གསུངས་ཡོད།“ཧའེ་ནན་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ཅུས་ཀྱི་གོ་ལ་ཧྲིལ་པོའི་གསར་འགྱུར་དཔོན་ཡིན་པའི་ངོས་ནས་ངས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བྱ་གཞག་ལ་དངོས་དངོས་རྗེན་རྗེན་གྱི་བྱ་བ་བསྒྲུབ་ཐུབ་རེ་བྱེད་ཀྱི་ཡོད། དཔེར་ན། ཕྱོགས་གཉིས་པོའི་མ་འཇོག་དེ་བས་མང་བ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོ་ཞིབ་དང་རྔ་མོང་གི་འོ་རྩམ་སོགས་ཧ་སག་སི་ཐན་གྱི་ཚོང་ཟོག་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་ཐུབ་པ་བྱེད་ཀྱི་ཡིན”ཞེས་ལུའུ་སི་ལན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།