ཀྲུང་གོའི“རིག་ལྡན་འཕྲུལ་མིའི་བཟོ་གྲྭས”ནུས་ཆེའི“རིག་ནུས་བཟོ་སྐྲུན”ལ་སྐུལ་འདེད་བཏང་བ།

འདི་ནི་ཧྲང་ཧའེ་པའོ་ཀང་མ་རྐང་པའོ་ཧྲན་རྟེན་གཞིར་གནས་པའི“རིག་ལྡན་འཕྲུལ་མིའི་བཟོ་གྲྭ”ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀུང་པིན་གྱིས་པར་བརྒྱབ།
ཀྲུང་གོར“རིག་ལྡན་འཕྲུལ་མིའི་བཟོ་གྲྭ”དེ་བས་མང་དུ་འགྲོ་བཞིན་ཡོད་ཅིང་། བཟོ་གྲྭ་དེ་དག་ལ་གློག་སྒྲོན་དང་བཟོ་པ་མི་དགོས་པར་འཁོར་རྒྱུག་ཐུབ་པ་དང་དེར་བཟོ་ལས་འཕྲུལ་མིས་ལས་ཀ་བྱེད་ཀྱི་ཡོད། བཟོ་གྲྭ་དེ་རིགས་ཀྱི་ཐོན་སྐྱེད་སྒྲིག་ཆས་ནི་གཅིག་གྱུར་མ་ལག་གིས་ཚོད་འཛིན་བྱེད་ཀྱི་ཡོད་པས། བཀོལ་སྤྱོད་བྱེད་མཁན་འབའ་ཞིག་གིས་བརྒྱུད་རིམ་ཁོ་ནར་ལྟ་སྐུལ་ཚོད་འཛིན་བྱས་ན་འགྲིག་གི་ཡོད། མིག་སྔར། ཀྲུང་གོར་བཟོ་ལས་འཕྲུལ་མི་གསོག་ཚད་ཁྲི་200ལྷག་ཙམ་ཟིན་ནས་གྲངས་འབོར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།
དར་རྒྱས་ཆེ་བའི་མཁོ་སྤྲོད་འཁོར་འབྲེལ་དང་རང་བརྟེན་ཞིབ་སྤེལ་གྱིས“རིག་ལྡན་འཕྲུལ་མིའི་བཟོ་གྲྭ”ཀྲུང་གོར་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། བཟོ་གྲྭ་འདི་དག་ལ་རླུང་འགྲོའི་མ་ལག་སྒྲིག་སྦྱོར་བྱེད་མི་དགོས་ལ། གློག་སྒྲོན་ཡང་མི་དགོས་པས། བཀོད་སྒྲིག་ཧྲིལ་པོར་མི་ཡོད་མེད་ལ་བསམ་བློ་གཏོང་དགོས་ཀྱི་མེད། ཐོན་སྐྱེད་བྱེད་སྟངས་དེ་རིགས་བསྐྱར་ཟློས་རང་བཞིན་འབོར་ཆེན་གྱི་བཀོལ་སྤྱོད་ཐོན་ལས་ལ་འཚམ་པ་སྟེ། དཔེར་ན་འཕྲུལ་ཆས་དང་། དཔྱད་ཆས། གློག་རྡུལ་ཐོན་རྫས་བཟོ་སྐྲུན་བཅས་སོ།
—— ཨུ་རུ་སུའི《ཚོང་པའི་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།