དབྱིན་ཇིའི་སྙན་ཞུའི་ནང་འཁོད་དོན།
རྒྱལ་སྤྱིའི་མ་འཇོག་མཁན་གྱིས་ཀྲུང་གོའི་ཁེ་ལས་ཀྱི་རྒྱལ་སྤྱི་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པའི་ངོས་འཛིན་བྱེད་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལོན་ཏོན་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་། དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》གཤམ་འོག་གི་མ་འཇོག་ཞིབ་འཇུག་དུས་དེབ《ཕྱི་རྒྱལ་གྱི་ཐད་ཀར་མ་འཇོག་གསང་འཕྲིན་དུས་དེབ》ཐོག་སྙན་ཞུ་ཁྱབ་བསྒྲགས་བྱས་པའི་ནང་འཁོད་དོན། ཀྲུང་གོའི་ཁེ་ལས་ཀྱི་རྒྱལ་སྤྱི་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས། “2026ལོའི་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱི་ཐད་ཀར་མ་འཇོག(FDI)ཡོངས་ཁུངས་ཐོབ་སྐལ་རྒྱ་ཆེར་གཏོང་རེ་ཡོད་པའི་དཔལ་འབྱོར་དངོས་ཚན”ཨང་རིམ་གྱི་ཨང་དང་པོར་ཀྲུང་གོ་སླེབས་ཡོད།
འགོ་བརྗོད་དུ《2026ལོའི་ཕྱི་རྒྱལ་གྱི་ཐད་ཀར་མ་འཇོག་གི་མ་འོངས་སྔོན་དཔག》ཅེས་འཁོད་པའི་སྙན་ཞུའི་ནང་། དུས་དེབ་དེས་ད་ལོའི་ཟླ་བཅུ་པར་གོ་ལ་ཧྲིལ་པོའི་FDIཁྱབ་ཁོངས་ཀྱི་བསླབ་རྒན་101ལ་ལོ་འཁོར་གྱི་མ་འོངས་སྔོན་དཔག་གི་བརྟག་དཔྱད་བྱས་པ་རེད། “དཔལ་འབྱོར་དངོས་ཚན་གང་གསུམ་གྱིས་2026ལོའི་གོ་ལ་ཧྲིལ་པོའི་FDIཡི་འབྱུང་ཁུངས་ཁྲོད་ཀྱི་ཐོབ་སྐལ་རྒྱ་ཆེར་གཏོང་ཐུབ་བམ”ཞེས་པའི་དོགས་གནད་ཐད་ཀྲུང་གོའི་མིང་བཏོན་ཚད་མང་ཤོས་ཟིན་ནས་ཁྱོན་ཐེངས་74ཙམ་ཐོན་ཡོད་ཅེས་འཁོད་ཡོད།
སྙན་ཞུའི་ནང་འཁོད་དོན། ད་ཆ་ཙེ་ཅེ་ཐེའོ་ཏུང་དང་། ཅི་ལི་མ་རྐང་ཚོད་འཛིན་ཀུང་སི། པི་ཡ་ཏི། ཅིང་ཏུང་། ཧའེ་ཨེར་སོགས་ཁེ་ལས་དང་ཧྭ་ཝེ་དང་། ཨ་ལི་པ་པ། ཐེང་ཤུན་བཅས་གོ་ལ་ཧྲིལ་པོའི་རྣམ་གྲངས་མང་ཤོས་ཀྱི་ཀྲུང་གོའི་ཁེ་ལས་ཀྱི་གྲས་སུ་ཚུད་པ་དང་། རྒྱལ་སྤྱི་ཅན་གྱི་འཐབ་ཇུས་ལ་བརྟེན་ནས་ཁྲོམ་ར་གསར་པ་གསར་འབྱེད་ཧུར་ཐག་བྱས་ཏེ་ཐོན་རྫས་རྩེ་གྲ་ཁྱབ་གདལ་བཏང་ཡོད། “མ་འཇོག་མཁན་གང་དག་གོ་ལ་ཧྲིལ་པོའི་FDIཡི་འབྱུང་ཁུངས་ལ་འགྱུར་རེ་ཡོད་པར་དེ་བས་ལྟ་ཞིབ་ཞིབ་ཚགས་བྱས་ན་མ་འཇོག་མཁན་གང་དག་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཁེ་ལས་ལ་འགྱུར་བཞིན་ཡོད་པ་ཤེས་ཐུབ”
འབྲེལ་ཡོད་གསར་འགྱུར།