དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཅུ་གཅིག་པའི་བར་ཡུལ་སྐོར་མཚོ་གྲུས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་27.8%འཕར་བ།

    སྡེ་ཚན་གཉིས་ཀྱིས་བྱ་ཐབས་ཁག་10བཏོན་ནས་ཡུལ་སྐོར་མཚོ་གྲུའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-11

    གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཡུལ་སྐོར་མཚོ་གྲུས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་126.5ཟིན་པ་དེ་དུས་མཚུངས་ལས་27.8%འཕར་ཏེ། ཡུལ་སྐོར་འཕེལ་རྒྱས་དང་འཛད་སྤྱོད་བྱེད་རྒྱ་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ཡུལ་སྐོར་མཚོ་གྲུའི་གྲུ་ལམ་སྣ་གཅིག་ཡིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རིག་གནས་དང་ཡུལ་སྐོར་པུས《ཡུལ་སྐོར་མཚོ་གྲུའི་སྐྱེལ་འདྲེན་དང་ཡུལ་སྐོར་ཞབས་ཞུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག》མཉམ་དུ་བཀྲམ་སྟེ། མཁོ་སྤྲོད་ལ་ཤུགས་སྣོན་དང་། ཞབས་ཞུ་ལེགས་གཏོང་། དགོས་མཁོ་གསར་པར་སྐུལ་སྤེལ་བཅས་ལ་མཐོང་ཆེན་བྱེད་པའི་ཟུར་ཚད་ཀྱི་ཐོག་ནས། ཡུལ་སྐོར་མཚོ་གྲུ་གཏོང་འགོ་འཛུགས་པའི་གྲུ་ལམ་རྒྱ་སྐྱེད་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་མཚོ་གྲུ་རྒྱལ་ཁོངས་སུ་ཡོང་བར་ལྕག་སྐུལ། ཡུལ་སྐོར་མཚོ་གྲུའི་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ཞིབ་ཕྲའི་བྱ་ཐབས་ཁག་10བཏོན་ཏེ། ཡུལ་སྐོར་མཚོ་གྲུའི་འཛད་སྤྱོད་བྱེད་རྒྱ་དེ་བས་ཆེ་རུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།