དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་ཧྲིལ་པོར་འཚོ་རྟེན་ལས་སྤྲོད་ལ་བཏང་བའི་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་355ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-11

    ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་2025ལོའི་འཚོ་རྟེན་ལས་སྤྲོད་ཁག་བཞི་པར་ཀྲུང་དབྱང་སྔོན་རྩིས་ནས་མ་དངུལ་སྒོར་དུང་ཕྱུར་60བཏང་བ་དང་། ལོ་ཧྲིལ་པོར་བཏང་བའི་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་355ཟིན་ཡོད། སྔོན་དཔག་བྱས་ན། ཡོང་འབབ་དམའ་བའི་མང་ཚོགས་ཁྲི་110ལྷག་ཙམ་ཐག་ཉེ་སར་གླ་པར་བསྡུས་པ་དང་། དུས་མཚུངས་སུ་ས་གནས་ཀྱིས་ཁྱབ་ཁོངས་གཞན་དག་གི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཁྲོད་འཚོ་རྟེན་ལས་སྤྲོད་ཀྱི་བྱ་ཐབས་ཁྱབ་གདལ་གཏོང་བར་མཛུབ་ཁྲིད་བྱས་པས། ད་ལོ་ཡོང་འབབ་དམའ་བའི་མང་ཚོགས་ཁྲི་400ལྷག་ཙམ་ཐག་ཉེ་སར་གླ་པ་རྒྱུག་པར་སྐུལ་ཁྲིད་ཐུབ་རྒྱུ་ཡིན་པ་རེད།

    2025ལོར། འཚོ་རྟེན་ལས་སྤྲོད་རྣམ་གྲངས་ཀྱི་ངལ་ལས་གླ་ཕོགས་ཀྱིས་ཀྲུང་དབྱང་གི་མ་དངུལ་ནང་བཟུང་བའི་བསྡུར་ཚད་40%ཡན་མཐོ་རུ་བཏང་ཡོད། འཚོ་རྟེན་ལས་སྤྲོད་རྣམ་གྲངས་དེ་ལས་གྲྭ་འཛུགས་སྐྲུན་བྱེད་པ་དང་དུས་མཚུངས། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ལས་མི་སྤྱོད་ཚད་མང་དུ་བཏང་སྟེ། རྣམ་གྲངས་ཁུལ་གྱི་ཚོགས་སྤྱི་འཛུགས་སྐྲུན་ནང་ཞུགས་གང་ཐུབ་དང་བྱ་ཐབས་སྣ་མང་བརྒྱུད་གསོ་སྦྱོང་བྱས་ནས་གླ་པའི་རྩལ་ནུས་ཆེ་རུ་བཏང་ཡོད། 2025ལོར་ཀྲུང་དབྱང་གིས་མ་དངུལ་བཏང་ནས་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་གྲངས་ཁྱོན་7000ལྷག་ཙམ་ལག་ལེན་བསྟར་ཏེ། དབུལ་སྒྲོལ་མི་འབོར་དང་དབུལ་ལོག་ལྟ་ཞིབ་ཚད་ལེན་བྱ་ཡུལ་སོགས་གཙོ་གནད་ཚོགས་སྤྱི་གཅིག་སྡུད་ཆེ་བ་དང་གླ་པ་དགོས་མཁོ་ཆེ་བའི་ས་ཁུལ་དུ་སྔོན་ལ་བཀོད་སྒྲིག་བྱས་པ་དང་། དུས་མཉམ་དུ་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་ངལ་རྩོལ་རྩལ་ནུས་གསོ་སྦྱོང་དང་སྤྱི་ཕན་རང་བཞིན་གྱི་བདག་སྐྱོང་ལས་གནས་གསར་སྤེལ་བྱས་ཏེ། གླ་པར་ངལ་ལས་གླ་ཕོགས་རག་ཐུབ་པ་བྱས་པ་མ་ཟད། ངལ་རྩོལ་རྩལ་ནུས་ཆེ་རུ་དང་ལས་ཞུགས་ཀྱི་བར་མཐོངས་ཀྱང་རྒྱ་སྐྱེད་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།