དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་བརྒྱད་པའི་འདེམས་བསྐོ་བྱས་འབྲས་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-11

    ཚེས་8ཉིན་གྱི་ཞོགས་པར། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་བརྒྱད་པའི་འདེམས་བསྐོ་བྱས་འབྲས་ཁྱབ་བསྒྲགས་བྱས་པ་དང་། ཁྲིམས་འཛུགས་ལྷན་ཚོགས་ཀྱི་དབྱི་ཡོན་གྲོས་མི་90ཚང་མ་བདམས་ཐོན་བྱུང་བ་རེད།

    འདེམས་བསྐོའི་འདེམས་ཤོག་ཚེས་7ཉིན་གྱི་ཆུ་ཚོད་7དང་སྐར་མ་30ནས་ཆུ་ཚོད་23དང་སྐར་མ་30བར་འཕངས་ཤིང་། འོས་མི་161འདེམས་བསྐོའི་ནང་ཞུགས་པ་དང་དབྱི་ཡོན་གྲོས་མིའི་གདན་ཐོ་ཚང་མར་འགྲན་རྩོད་ཡོད་པ་རེད།

    ཤང་ཀང་གི་འགྲེམས་ཚོགས་ལྟེ་གནས་སུ་བཙུགས་པའི་ལྟེ་བའི་འདེམས་ཤོག་འཕེན་སའི་རྣམ་པ་ཧ་ཅང་བརྗིད་ཉམས་ཆེ་ལ་སྤྲོ་སེམས་འཁོལ་བ་ཞིག་ཡོད། ལས་དོན་པས་བྲེལ་བརྩོན་ཆེན་པོས་གོ་རིམ་ལྡན་པའི་ངང་འདེམས་ཤོག་རེ་རེ་བཞིན་ཞིབ་བཤེར་གཏན་འཁེལ་བྱས་པ་རེད། མཚན་མོ་དེ་རང་ལ་འདེམས་ཤོག་རྩིས་བཤེར་བྱས་པ་བརྒྱུད། འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་བདམས་པའི་དབྱི་ཡོན་གྲོས་མི་40དང་། བྱེད་ནུས་ཚོགས་པས་བདམས་པའི་དབྱི་ཡོན་གྲོས་མི་30 ཡན་ལག་ཁུལ་གྱིས་ཐད་ཀར་བདམས་པའི་དབྱི་ཡོན་གྲོས་མི་20བཅས་ཚང་མ་བདམས་ཐོན་བྱུང་བ་རེད།

    ཚེས་8ཉིན་གྱི་ཞོགས་པར། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལུའུ་ཆི་ཁང་གིས། གྲོང་མི་འདེམས་ཤོག་འཕེན་དུ་ཡོང་བ་དེས་ང་ལ་སྐུལ་མ་ཆེན་མོ་ཐེབས་བྱུང་། འདེམས་བསྐོའི་བརྒྱུད་རིམ་ནང་ལས་དོན་པ་དང་འདེམས་ཤོག་འཕེན་དུ་ཡོང་མཁན་ཚང་མས་དགེ་མཚན་ལྡན་པ་དང་དྲང་ཕྱོགས་ཀྱི་ཆ་འཕྲིན་བཏོན་ཡོད་ཅེས་བརྗོད།

    བསྟུད་མར་བདམས་ཐོན་བྱུང་བའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་དབྱི་ཡོན་གྲོས་མི་ལི་ཧུའེ་ཆུང་གིས། འདེམས་བསྐོ་བྱེད་ཐེངས་རེ་རེའི་ཁོར་ཡུག་དང་འགྲན་སློང་མི་འདྲ་བས། འབྱུང་འགྱུར་ལས་རིགས་ཁག་གི་བསམ་འཆར་མུ་མཐུད་ཉན་ནས། གྲོང་མིའི་རེ་བ་དང་རེ་འབོད་ལ་ལན་དེ་བས་ཡག་པ་རྒྱག་གི་ཡིན་ཞེས་བརྗོད།

    གསར་དུ་བདམས་ཐོན་བྱུང་བའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་དབྱི་ཡོན་གྲོས་མི་ཧྥང་གོ་ཧྲན་གྱིས། གྲོང་མིས་ང་ལ་ཡིད་ཆེས་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། གྲོང་མིའི་དམངས་འཚོའི་རེ་ཞུ་ཧ་ཅང་ཁ་གསལ་ཡིན། དབྱི་ཡོན་གྲོས་མིའི་སླད་ཕྱིན་གྱི་ལས་འགན་ལྕི་ལ་ལམ་ཐག་རིང་བས་དེ་བས་ཁེངས་སྐྱུང་ངང་ལས་ཀ་བྱེད་ཀྱི་ཡིན། མིག་སྔར་ཁ་ཚ་དགོས་གཏུགས་ཆེ་ཤོས་ནི་གེགས་སེལ་གྱི་རྗེས་འཇུག་ལས་དོན་ལ་གཞོགས་འདེགས་བྱས་ནས། ཏ་ཕུའུ་ཡི་ཧུང་ཧྥུའུ་ཡོན་གྱི་གནོད་འཚེ་ཕོག་པའི་མི་སེར་གྱི་ཁྱིམ་གཞིས་བསྐྱར་སྐྲུན་ལ་རོགས་རམ་བྱེད་རྒྱུ་དེ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།