ཟླ་11པར་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་ཀྱི་སྟོན་གྲངས་དུས་མཚུངས་ལས་3%འཕར་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། གསར་འགོད་པར་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་11པར། ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས་478.1ཟིན་པ་དེ་དུས་མཚུངས་ལས་3%འཕར་ཡོད་པ་རེད།
ཞིབ་ཕྲའི་ཆ་ནས་བལྟས་ན། དེའི་ནང་འཕེལ་རྒྱས་ཀྱི་གཞི་ཁྱོན་སྟོན་གྲངས་དང་། ཞབས་ཞུའི་སྤུས་ཚད་ཀྱི་སྟོན་གྲངས། འཕེལ་རྒྱས་ནུས་པའི་སྟོན་གྲངས་བཅས་ཁག་སོ་སོར་646དང་། 661.3 266.4བཅས་ཟིན་ཏེ་དུས་མཚུངས་ལས་ཁག་སོ་སོར་6%དང་། 1.9% 0.3%བཅས་འཕར་བ་དང་། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་སྟོན་གྲངས་60.3ཡིན་པ་རེད།
རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཟླ་11པར། མྱུར་སྐྱེལ་ལས་རིགས་ཀྱི་ལས་སྒོ་མང་བའི་ཁྱད་ཆོས་མངོན་གསལ་དོད་པ་དང་། ཁྲོམ་རའི་གཞི་ཁྱོན་ཅུང་ཆེ་རུ་ཕྱིན་པ། ཞབས་ཞུའི་སྤུས་འབྲས་བརྟན་པོའི་ངང་ལེགས་སུ་ཕྱིན་པ། གཉེར་སྐྱོང་ནུས་ཕྱོད་རྒྱུན་མཐུད་ཆེ་རུ་ཕྱིན་པ། ཚན་རྩལ་སྒྲིག་ཆས་བེད་སྤྱོད་བྱེད་རྒྱ་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།