དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གངས་ཆེན་དུས་ཚིགས་སུ་སོ་ནམ་ལས་ལ་གཞོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-11

    ཡུན་ནན། འདི་ནི་ཡུན་ནན་ཞིང་ཆེན་ཐེང་ཁྲུང་གྲོང་ཁྱེར་ཧོ་ཧྲུན་གྲོང་རྡལ་ཏ་ཀྲོང་གྲོང་ཚོའི་ཞིང་པས་ཞིང་འཕྲུལ་བཏང་ནས་འབྲས་ཞིང་ལ་རྨོས་བརྒྱབ་སྟེ་དགུན་ཞོག་འདེབས་རྩིས་བྱེད་བཞིན་པ།

    ཧའེ་ནན།འདི་ནི་ཧའེ་ནན་ཞིང་ཆེན་ཆུང་ཧའེ་གྲོང་ཁྱེར་ཅཱ་ཅི་གྲོང་རྡལ་ཧུང་ཤིང་སྡེ་ཁུལ་གྱི་ཞིང་པས་ཞོག་ཁོག་མོའུ་ཡུས་འདེབས་བཞིན་པ།

    ཧོ་པེ། འདི་ནི་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་གྲོང་ཁྱེར་ཤིན་ཧྭ་ཆུས་ཁྲེན་གྲོང་ཚོའི་རྒུན་འབྲུམ་གླིང་དུ་ཞིང་པས་རྒུན་འབྲུམ་སྡོང་པོར་ཡལ་བཞུར་རྒྱག་བཞིན་པ།

    ཧོ་ནན།འདི་ནི་ཧོ་ནན་ཞིང་ཆེན་ཁའེ་ཧྥེང་གྲོང་ཁྱེར་ཝེ་ཧྲི་རྫོང་ཀྲང་ཧྲི་གྲོང་རྡལ་ཀྲང་ཧྲི་གྲོང་ཚོའི་ཁྱད་ལྡན་འདེབས་འཛུགས་མཉམ་ལས་ཁང་གི་འདེབས་འཛུགས་ར་བར་ལས་མི་འཐུ་བསྡུའི་ལས་ལ་བྲེལ་བཞིན་པ།

    ཀུའེ་ཀྲོའུ།འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཤིས་ཧྥུང་རྫོང་དབུན་ཆོན་གྲོང་རྡལ་སན་ཅའོ་གྲོང་ཚོར་ཤིང་འབྲས་འདེབས་མཁན་ཞིང་པས་ཚ་ལུ་མ་དབོར་བཞིན་པ།

    གངས་ཆེན་དུས་ཚིགས་སུ་ས་གནས་ཁག་གི་ཞིང་པས་སོ་ནམ་དུས་ཚོད་ལ་དམ་འཛིན་བྱས་ཏེ། དགུན་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།