“ཇོ་རི་གཡོད་ཧའེ། མཁའ་ལམ་འགོ་ཚུགས”ཞེས་པའི་བོད་ལྗོངས་རིག་གནས་ཡུལ་སྐོར་དང་མཁའ་ལམ་དུས་གཏན་གནམ་གྲུའི་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་འཚོགས་པ།
ཉེ་ཆར། “ཇོ་རི་གཡོད་ཧའེ། མཁའ་ལམ་འགོ་ཚུགས”ཞེས་པ་བོད་ལྗོངས་རིག་གནས་ཡུལ་སྐོར་དང་མཁའ་ལམ་དུས་གཏན་གནམ་གྲུའི་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་ཧྲེན་ཀྲེན་དུ་འཚོགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་གཉེར་འགན་ཕྱོགས་ཀྱིས་སྲིད་ཇུས་གསལ་འགྲེལ་དང་། ཐོན་ཁུངས་འོས་སྦྱོར། རིག་གནས་འགྲེམས་འཁྲབ། མཉམ་འགུལ་བྱ་དགའ་འཐེན་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་དང་འཕེལ་རྒྱས་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་ཤིང་། ས་གནས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཀྲུང་གོ་ལྷོ་ཕྱོགས་མཁའ་འགྲུལ་དང་བོད་ལྗོངས་མཁའ་འགྲུལ་ཀུང་སིས་མཁའ་ལམ་བཀོད་སྒྲིག་གསར་ཤོས་དང་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱས་པ་དང་། བོད་ལྗོངས་གནམ་ཐང་ཚོགས་པས“མ་ལམ་གྱི་སྐྱེལ་འདྲེན་དང་། ཉིང་ལག་ལམ་གྱི་སྐྱེལ་འདྲེན། ཐག་ཐུང་སྐྱེལ་འདྲེན་བཅས་མཉམ་འབྲེལ་མཉམ་སྒུལ་དང་དྲ་རྒྱ་ཡོངས་འབྲེལ”གྱི་སྐྱེལ་འདྲེན་མཁའ་ལམ་གྱི་དྲ་རྒྱའི་བཀོད་པ་དང་དེ་བཞིན“ངས་ཁྱེད0་རང་ལ་གནམ་གྲུ་བར་བརྗེས་བྱེད་རོགས་བྱེད”ཅེས་པའི་ཁྱད་ལྡན་ཞབས་ཞུའི་སྤུས་རྟགས་ལ་གསལ་འགྲེལ་ཞིབ་ཕྲ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།