དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་བུད་མེད་སྤྱི་ཚོགས་རྩ་འཛུགས་ཀྱི་ལྟེ་བའི་ལས་སྟེགས་སྒོ་བྱང་བཀལ་ནས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-11

    ཉེ་ཆར། བོད་རང་སྐྱོང་ལྗོངས་བུད་མེད་སྤྱི་ཚོགས་རྩ་འཛུགས་ཀྱི་ལྟེ་བའི་ལས་སྟེགས་སྒོ་བྱང་བཀལ་ནས་བཙུགས་པ་རེད། ལས་སྟེགས་དེ་བཙུགས་པའི་དམིགས་ཡུལ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་བུད་མེད་སྤྱི་ཚོགས་རྩ་འཛུགས་སྦྲེལ་མཐུད་བྱེད་པའི“སེམས་སྦྲེལ་ཟམ་པ”དང་། བུད་མེད་འཚར་ལོངས་ལ་མཐུན་རྐྱེན་སྦྱོར་བ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི“སྣུམ་སྣོན་ས་ཚིགས”ལ་འགྱུར་རྒྱུ་དེ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་བུད་མེད་སྤྱི་ཚོགས་རྩ་འཛུགས་ཀྱི་ལྟེ་བའི་ལས་སྟེགས་ཀྱིས་ཕྱོགས་གསུམ་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་གཙོ་བོར་བྱས་ཏེ། གཅིག་ནས་གསར་དུ་བཙུགས་པའི་བུད་མེད་སྤྱི་ཚོགས་རྩ་འཛུགས་ལ་སྲིད་ཇུས་བློ་འདྲི་དང་། མཛུབ་ཁྲིད་ཚད་ལྡན། ཤེས་ལྡན་པ་གསོ་སྦྱོང་སོགས་ཀྱི་ལེགས་བསྡུས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། གཉིས་ནས་སྲིད་གཞུང་སྡེ་ཚན་དང་། གཅེས་སེམས་ཁེ་ལས། སྤྱི་ཕན་རྩ་འཛུགས་བཅས་དང་མཉམ་འགུལ་གྱིས་ཐོན་ཁུངས་མཉམ་སྤྱོད་ལམ་སྲོལ་བཙུགས་ནས་ལེགས་ཆ་གསབ་རེས་དང་དཔུང་སྒྲིལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ། གསུམ་ནས་བུད་མེད་དང་བྱིས་པར་གཅེས་སྐྱོང་དང་། ཁྱིམ་གཞིས་འཛུགས་སྐྲུན། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་དགོས་མཁོ་སྦྲེལ་མཐུད་གནད་སྨིན་བྱས་ཏེ་སྤྱི་ཕན་རོགས་སྐྱོར་སོགས་ཀྱི་བྱེད་སྒོ་བརྒྱུད་ལས་སྟེགས་དེ་བུད་མེད་ཚོས་ཡིད་ཆེས་ཡོད་པ་དང་། བློས་འཁེལ་ཆོག་པ། ཁ་འབྲལ་མི་ཐུབ་པ་བཅས་སུ་འགྱུར་བར་བྱ་རྒྱུ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།