དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ལུས་རྩལ་པ་73གྱིས་རྒྱལ་ཡོངས་དབང་སྐྱོན་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལ་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-11

    རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཟླ་12ཚེས་8ནས་15བར་ཉིན་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་ཆ་གསུམ་དུ་འཚོག་རྒྱུ་ཡིན་ཞིང་། རང་ལྗོངས་ཀྱི་ལུས་རྩལ་པ་73ཚང་མ་འགྲན་ཁུལ་དུ་འབྱོར་ནས་སྤྲོ་སེམས་འཁོལ་པོ་དང་བློ་སྟོབས་ཆེན་པོས་འགྲན་བསྡུར་གོང་གི་གྲ་སྒྲིག་ནང་ཞུགས་ཏེ། ས་མཐོའི་དབང་སྐྱོན་ལུས་རྩལ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད།

    ད་ལོ་རང་ལྗོངས་ཀྱི་རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོའི་རུ་ཁག་རྒྱལ་ཡོངས་དབང་སྐྱོན་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ནང་ཐོག་མར་ཞུགས་ཤིང་། “རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་འདི་འདྲར་ཞུགས་རྒྱུར་རེ་སྒུག་ཆེན་པོ་བྱས་པ་ཡིན་ལ་དངོས་གནས་དགའ་པོ་བྱུང་། ང་ཚོས་འབད་བརྩོན་ཧུར་ཐག་བྱས་ནས་གྲུབ་འབྲས་བཟང་པོ་ཐོབ་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད”ཅེས་ལུས་རྩལ་པ་བྱམས་པ་ཚེ་རིང་གིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་དབང་སྐྱོན་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སུ་ཁྱོན་རྣམ་གྲངས་ཆེ་གྲས་ཁག་46བཀོད་སྒྲིག་བྱས་ཡོད་པ་དང་རང་ལྗོངས་ཀྱི་འཐུས་མི་ཚོགས་པ་ལྗིད་འདེགས་དང་། ལན་ཆིའུ་སྤོ་ལོ། རྐང་རྩེད་སྤོ་ལོ། འཁོར་ཤུད་སོགས་རྣམ་གྲངས་9ཡི་འགྲན་རྩོད་ནང་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།