དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲི་སྨན་གླིང་གནམ་ཐང་གི་ལོ་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་90ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-11

    གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་12ཚེས་5ཉིན། བོད་ལྗོངས་མཁའ་འགྲུལ་གྱི་གནམ་གྲུ་TV9730བརྟན་པོའི་ངང་བབས་པ་དང་ཆབས་ཅིག ཉིང་ཁྲི་སྨན་གླིང་གནམ་ཐང་གི་ལོ་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་90ཡི་འགག་སྒོ་ཆེ་མོ་ལས་ཐོག་མར་བརྒལ་ཡོད།

    གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་བར། ཉིང་ཁྲི་སྨན་གླིང་གནམ་ཐང་གིས་དུས་གཏན་གནམ་གྲུ་ཐེངས་9083འཕུར་འབབ་འགན་ལེན་བྱས་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་889055ཟིན་པ། དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་4096.3ཟིན་པ་བཅས་དུས་མཚུངས་ལས་14.12%དང་། 19.57% 18.12%སོ་སོར་འཕར་བ་དང་དམིགས་ཚད་ཁག་ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།