ད་ལོ་བོད་ཀྱིས་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་ཞབས་ཞུའི་མ་དངུལ་སྒོར་ཁྲི་3242སྤྲད་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་ཞབས་ཞུའི་མ་དངུལ་སྒོར་ཁྲི་3242སྤྲད་པ་དང་། དེ་དག་བྱིས་པའི་སེམས་ཁམས་ལ་དོ་ཁུར་དང་རོགས་སྐྱོར་སོགས་ཀྱི་ཞབས་ཞུར་སྤྱད་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ཚུན་དུ། རང་ལྗོངས་ཀྱི་རིམ་པ་ཁག་གི་དམངས་སྲིད་སྡེ་ཚན་གྱིས་དཀའ་ངལ་ཡོད་པའི་བྱིས་པའི་སེམས་ཁམས་གནད་དོན་དང་དེའི་དགོས་མཁོར་དམིགས་ཏེ་སེམས་ཁམས་བདེ་ཐང་གི་བློ་འདྲི་བ་དང་ཆེད་ལས་འཆད་ཁྲིད་དགེ་རྒན་སོགས་གདན་ཞུ་བྱས་ནས་ཁོང་ཚོར་སེམས་ཁམས་ཟུར་ཁྲིད་བྱས་ཡོད། 2025ལོར། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་སེམས་ཁམས་ཟུར་ཁྲིད་ཀྱི་འཆད་ཁྲིད་ཐེངས་3སྤེལ་བ་དང་། ཤང(གྲོང་རྡལ)གི་བྱིས་པའི་ལྟ་སྐུལ་མཛུབ་ཁྲིད་པ་དང་གྲོང་ཚོའི(གྲོང་ལྷན)བྱིས་པའི་ཀྲུའུ་རེན་བཅས་ཀྱིས་བྱིས་པའི་ཁྱིམ་དུ་འཚམས་འདྲིར་བསྐྱོད་པ་དང་། བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ། ཁྱིམ་ཚང་སློབ་གསོར་མཛུབ་ཁྲིད་བྱེད་པ། དོ་སྣང་དང་རོགས་སྐྱོར་བྱེད་པ་སོགས་ཀྱི་གོ་སྐབས་དང་བསྟུན་ནས་དཀའ་ངལ་ཡོད་པའི་བྱིས་པ་དང་། དེའི་ཕ་མ་དང་དེ་མིན་གྱི་ལྟ་སྐྱོང་བྱེད་མཁན་གཞན་ལ་སེམས་ཁམས་བདེ་ཐང་ཐད་ཀྱི་རྒྱུན་ཤེས་ཁྱབ་གདལ་བཏང་ནས་བྱིས་པར་བདེ་ཐང་གི་སེམས་ཁམས་ཤིག་ཡོང་བར་རམ་འདེགས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།