སྐོར་སྐྱོད་སྨན་བཅོས་བྱས། དམངས་ལ་དྲོ་སྐྱིད་སྦྱིན།

འདི་ནི་སྐོར་སྐྱོད་སྨན་བཅོས་རུ་ཁག་གི་རུ་མིས་མལ་གྲོ་གུང་དཀར་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་གི་སློབ་མར་ཆམ་རིམས་སྔོན་འགོག་གི་ཤེས་བྱ་འཆད་འགྲེལ་བྱེད་བཞིན་པ།
དགུན་དུས་ནི་ཆམ་རིམས་ཕོག་སླ་བའི་དུས་ཚིགས་ཡིན་པས། ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གིས“བདེ་ཐང་སྲུང་སྐྱོང་བྱས་ནས་དགུན་ཁ་དྲོ་སོབ་སོབ་ངང་སྒྲོལ། གཞི་རིམ་དུ་ཆམ་རིམས་འགོག་བཅོས་ལས་དོན་སྤེལ”ཞེས་པའི་བྱེད་སྒོ་གཉེར་ནས་སྨན་བཅོས་ཀྱི་རྐང་འཛིན་པ་གཏེར་ཁུལ་དང་། དཔུང་སྡེ། སློབ་གྲྭ རྒན་གསོ་ཁང་བཅས་སུ་བཏང་སྟེ་དཔུང་སྡེའི་དཔོན་དམག་དང་། ལས་ཡུལ་གྱི་ལས་བཟོ། རྒན་རྒོན། སློབ་མ་སོགས་ཀྱི་ཚོགས་སྤྱིར་ཆམ་རིམས་ཕོག་ཡོད་མེད་བརྟག་དཔྱད་དང་། ཁྲག་ཤེད་དང་ཁྲག་མངར་བརྟག་དཔྱད། སྨན་རྫས་སྤྲོད་པ། བདེ་ཐང་གི་ཤེས་བྱ་དྲིལ་བསྒྲགས་སོགས་ཀྱི་ཞབས་འདེགས་ཞུས་ཡོད། རིམ་རྩིས་བརྒྱབ་ན། ད་ཐེངས་ཀྱི་སྐོར་སྐྱོད་སྨན་བཅོས་ལ་ཁྱོན་མི་ཐེངས་2053ལ་ཞབས་འདེགས་ཞུས་པ་དང་སྒོར་29185རི་བའི་སྨན་རྫས་སྤྲད་པས་ཚང་མའི་ཆམ་རིམས་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།