དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་བྱེད་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཅང་ཅེ། ཝུའེ་ཀྲེ་ཀྲེ།   |     སྤེལ་དུས།  2025-12-11

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་བྱས་ཏེ། མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་བྱེད་དགོས་པ་དང་། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བརྟན་པོ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

    “མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་རྒྱུ”ནི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གྱི་གྲས་སུ་བཅུག་པ་དང་། “མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ”ནི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་གཙོ་བོའི་གྲས་སུ་བཞག་པ། “མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་སྐོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས”ཞེས་བཏོན་ཡོད་པ་ལ་སོགས།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོ་ཞིབ་ཚགས་ཀློག་སྐབས། “མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་བྱེད་དགོས”ཞེས་པ་ཕྱོགས་གང་སར་ཁྱབ་ཅིང་། ཡིག་འབྲུ་དེ་དག་གི་ཁྲོད་ནས་དམངས་འཚོར་དོ་ཁུར་ཆེན་པོ་བྱེད་པ་མཚོན་གྱི་ཡོད། མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་བྱེད་པ་དང་། མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ། མི་དམངས་ཀྱི་དགོས་མཁོ་གང་ཡོད་སྐོང་རྒྱུ་བཅས་ནི་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་རེད་ལ། ནམ་ཡང་བརྟན་པོར་སྲུང་དགོས་པ་དེའང་རེད།

    ཐོག་མའི་བསམ་འདུན་མ་བརྗེད་པར་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་རྩ་བའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་སུ་བརྩི་དགོས་པ།

    དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ལས་དོན་ལ་རྫོགས་རྟགས་མེད། ཡོད་པ་ནི་རྒྱུན་ཆད་མེད་པའི་འགོ་འཛུགས་ས་གསར་པ་ཤ་སྟག་རེད། ད་ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གཅིག་གི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། “‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་འགོད་སྐབས། ཐོག་མའི་བསམ་འདུན་མ་བརྗེད་པར་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་རྩ་བའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་སུ་བརྩིས་ཏེ། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བརྟན་པོ་གཏོང་དགོས”ཞེས་བསྟན་གནང་ཡོད།

    མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་རྒྱུ་ནི་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་འཚོར་ཕན་འདོགས་པའི་དངོས་སྒྲུབ་ཀྱི་བྱ་ཐབས་ནས་མཚོན་དགོས་པ་སྟེ།

    མཉམ་སྤོས་བུ་ཕྲུག་སློབ་གྲྭར་འགྲོ་བའི་གནད་དོན་ཐག་གཅོད་གང་ལེགས་ཐུབ་ཅིང་། མིག་སྔར་གཞུང་བཙུགས་སློབ་གྲྭ་དང་སྲིད་གཞུང་གི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་མཉམ་སྤོས་བུ་ཕྲུག་གི་བསྡུར་ཚད་97%ལས་བརྒལ་བ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་11.2མཐོ་རུ་ཕྱིན་ཡོད།

    མང་ཚོགས་ལ་ཐག་ཉེ་ས་ནས་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས་ཤིང་། 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཁྱོན་ཁྲི་109ཟིན་པ་དག་གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ཁྱབ་ཅིང་། གྲོང་མི་90%ཡན་སྐར་མ་15ཡི་ནང་ཚུན་དུ་ཐག་ཉེ་ཤོས་ཀྱི་སྨན་བཅོས་ཞབས་ཞུའི་ས་ཚིགས་སུ་འབྱོར་གྱི་ཡོད།

    “རྒྱལ་ཁབ་ཀྱི་རྩིས་ཐོའི”ཁྲོད་དམངས་འཚོའི་དགོས་མཁོ་ཡོད་ཅིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་ཀྱི་ནོར་སྲིད་གཏོང་སྒོའི་ཁྲོད་ནས་70%ཡན་དམངས་འཚོར་སྤྱད་ཡོད། 2024ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ལས་ཞུགས་ཀྱི་ཁ་གསབ་རོགས་དངུལ་སྔོན་རྩིས་སྒོར་དུང་ཕྱུར་667བཀོད་སྒྲིག་བྱས་པ་དང་། སློབ་གསོའི་ཁྱབ་ཁོངས་ཀྱི་ཐུན་མོང་ནོར་སྲིད་དོན་དབང་ལ་སྒོར་དུང་ཕྱུར་4085སྒྱུར་སྤྲོད་བྱས་པ་ལ་སོགས།

    འཕེལ་རྒྱས་ཀྱི་ཇུས་ཆེན་ཁྲོད་དུ་དམངས་འཚོ་གཙོ་བོར་བཟུང་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།“ང་ཚོས་ངེས་པར་དུ་བླང་དོར་བྱེད་དགོས། ཡང་སྙིང་གང་དགོས་སམ་ཞེ་ན། མི་སེར་བློ་ཡིད་ཚིམ་མིན་དང་མི་སེར་གྱིས་ཁས་ལེན་མིན་ལ་གཞིགས་ནས་ལས་འགོ་འཛུགས་དགོས། སྐྱེ་ཁམས་ཁོར་ཡུག་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན། དམངས་འཚོ་ལེགས་སུ་གཏོང་བའི་ཤུགས་རྒྱག་སར་བལྟས་ནའང་འདི་གལ་ཆེ་ཤོས་རེད”ཅེས་ནན་བཤད་གནང་ཡོད། བླང་དོར་ལས་བློ་གཤོག་དང་བྱེད་ཐབས་མངོན་ཞིང་། དེས་མཚོན་པ་ནི་དམངས་འཚོར་ཚོད་ལེན་བྱེད་པ་དེ་རེད།

    དཀའ་ངལ་ལ་མ་འཛེམས་པར་མདུན་དུ་བསྐྱོད་པ་དང“གོང་འོག་སེམས་པ་མཐུན་ན་ཀུན་ལས་རྣམ་པར་རྒྱལ་བ་ཡིན”

    ཕྱི་དྲོའི་ཆུ་ཚོད་5པར་ས་རྦད་དེ་རུབ་མེད་ཀྱང་། པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་མཐུན་སྒྲིལ་མཚེའུ་ལམ་དུ་ཡོད་པའི“མོང་ཧོ་གཡོས་སྦྱོར”ཁྲོམ་བཀྱག་མདུན་དུ་མི་མང་པོ་བང་བསྒྲིགས་ནས་ཡོད་ཅིང་། ཁོང་ཚོའི་ཁྲོད་ཧོ་པེ་དང་། ཧྲང་ཧའེ། ཧའེ་ནན་སོགས་ནས་ཡོང་བའི་སྐུ་མགྲོན་མང་པོ་ཡོད་པ་རེད།

    “མོང་ཧོ་གཡོས་སྦྱོར”ནི་དེ་སྔ་གནས་ངེས་མེད་ཀྱི་ཁྲོམ་བཀྱག་ཚོང་པ་ཞིག་ཡིན་ཞིང་། ཁྲོམ་འདོན་པའི་དུས་ཚོད་དང་ས་ཆ་གཏན་འཁེལ་མེད་ནའང་ཉོ་མཁན་མང་བ་དང་། ལྷག་པར་དུ་མཚན་གུང་ལ་ཁ་ལག་ཟ་བར་ཡོང་མཁན་མང་པོ་ཡོད། འོན་ཀྱང་། ལག་ཁྱེར་ཆ་ཚང་པོ་མེད་པ་དང་ལམ་བཟུང་ནས་ཚོང་རྒྱག་པ་སོགས་ཀྱི་གནད་དོན་ཡོད་སྟབས། རྒྱུན་དུ་ཞིབ་བཤེར་ཐག་གཅོད་བྱེད་མཁན་གྱི་ཆད་པ་མང་པོ་ཕོག་མྱོང་། ཡུན་རིང་མ་སོང་གོང་། ཚོང་པ་དེར་གཏན་འཇགས་ཀྱི་ཚོང་ཁང་ཞིག་རག་པས། དེ་ནས་བཟུང་གནས་ངེས་མེད་དུ་ཁྲོམ་འདོན་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    སྐུ་མགྲོན་ཚོས་དགའ་པོ་བྱེད་པའི་ཟས་ཀྱི་བྲོ་བ་ཇི་ལྟར་བྱས་ནས་རྒྱུན་བསྐྱངས་དགོས་སམ། ཁྲོམ་གཞུང་གིས་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་བྱ་ཡུལ་འཚོལ་རོགས་བྱས་པ་དང་། ཁྲོམ་ར་ལྟ་འདོམས་དང་གྲོང་ཁྱེར་དོ་དམ་སྡེ་ཚན་གྱིས་མཐུན་སྦྱོར་ཧུར་ཐག་བྱས་ནས་ཚད་ལྡན་དང་ཁྱད་ལྡན་གཉིས་དབར་དོ་སྙོམས་ཡོང་ཐབས་བྱས་པ། དེ་བས་དགའ་འོས་པ་ཞིག་ལ་འབར་རླངས་ཀུང་སིས་ད་དུང་ཆེད་མངགས་སྦུབས་ལམ་གསར་པ་བཏིང་ཡོད།

    ཟས་བརྔོས་མ་ཞིག་ལས་གྲོང་ཁྱེར་བཅོས་སྐྱོང་བྱེད་སྟངས་དེང་རབས་ཅན་དུ་འགྱུར་བཞིན་པ་མངོན་ཐུབ། དེས་ང་ཚོར་གྲོང་ཁྱེར་བཅོས་སྐྱོང་བྱེད་སྟངས་ངོ་མ་ནི་གཅིག་མིན་ན་གཞན་ཞིག་ཡིན་པའི་གདམ་ག་བྱ་གཞི་ཞིག་མིན་པར། ཚད་ལྡན་དང་བསྟུན་མཁས་བར་དུ་དོ་མཉམ་ལྡན་པའི་གནས་ཤིག་འཚོལ་བ་དེ་ཡིན་པ་སྟེ། གཅིག་ནས་སྒྲིག་ལམ་གྱི་ལ་རྒྱ་ཡོད་ལ་གཉིས་ནས་སྐྱིད་སྣང་དོད་པའི་རྣམ་པ་ཞིག་མངོན་པ་བྱ་རྒྱུ་དེ་ཡིན་ལུགས་བརྗོད་ཀྱི་ཡོད།

    བྱ་སྤྱོད་ལས་ཐོག་མའི་བསམ་འདུན་མངོན་པ།

    མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིགས་བྱས་ན་ད་གཟོད་བརྟན་སྲུང་དང་དངོས་སྒྲུབ་བྱེད་ཐུབ། “ཚོད་བགམ་བྱེད་མ་མྱོང་བ་མིན་པར། ང་ཚོས་ཏང་གི་དམིགས་ཡུལ་དང་ལས་འགན་ཤེས་རྟོགས་གནད་སྨིན་བྱས་ལ། མི་དམངས་ཀྱི་རེ་སྒུག་ཀྱང་ཤེས་རྟོགས་གནད་སྨིན་བྱས་ཡོད” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དཀའ་ངལ་ཆེ་ཤོས་ཀྱི་ཕྱོགས་སུ་གདོང་མཆོང་བྱས་ནས་རྒྱང་རིང་གི་དམིགས་ཡུལ་དོན་གཉེར་བྱེད་དགོས”ཞེས་སྐུལ་ལྕག་གནང་གི་ཡོད།

    མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ན། ཐོབ་པ་ནི་དམངས་སེམས་དང་གཅིག་ཏུ་སྒྲིལ་ཐུབ་པ་ནི“གོང་འོག་སེམས་པ་གཅིག་མཐུན་བྱུང་ན་གང་ལས་རྣམ་པར་རྒྱལ་ཐུབ་པའི”སྟོབས་ཤུགས་རེད།

    ཕུགས་ལ་དམ་པོར་དམིགས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་བརྟན་པོར་བསྐྱོད་པ།

    ལོ་40ཡི་གོང་གྲོང་མིས་ཞ་མོན་གྱི་སྐོར་གླེང་སྐབས“འགྲོ་ལམ་བདེ་པོ་མེད་པ་དང་། གློག་སྒྲོན་གསལ་པོ་མེད་པ། ཁ་པར་བརྟན་པོ་མེད་པ། ཆུ་ཀ་ལ་རྟག་ཏུ་ཆད་པ”སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད་ཅེས་བརྗོད་ཀྱི་ཡོད།

    དུས་རབས་གསར་པའི་ཞ་མོན་འདི་ཉིད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྔགས་བརྗོད་ཆེན་པོ་གནང་བའི་བྱང་ཚད་མཐོ་ལ་ཡིད་དུ་འོང་བའི་དེང་རབས་ཅན་དང་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད།

    ལུའུ་ཏའོ་གླིང་ཕྲན་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཚུལ་བཀོད་པ་དེ་ནི་ལོ་15ལྷག་ཙམ་རིང་གི་འཕེལ་རྒྱས་ཀྱི་འཐབ་ཇུས་ཤིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་ཞ་མོན་དུ་ཕྱག་ལས་གནང་རིང་། འགོ་ཁྲིད་ནས་རྩོམ་སྒྲིག་གནང་བའི《1985ལོ་ནས་2000ལོའི་བར་གྱི་ཞ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས》ཞེས་པ་དེས་ཞ་མོན་ལ་ཕྱོགས་ཡོངས་དང་། ཚན་རིག་དང་མཐུན་པ། བརྒྱུད་རིམ་ལྡན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་འཆར་གཞི་ཞིག་བཀོད་གནང་ཡོད། དེ་ནི་ཀྲུང་གོའི་ས་གནས་སྲིད་གཞུང་གིས་རྩོམ་སྒྲིག་བྱེད་སྔ་ཤོས་ཀྱི་ལོ་15ལྷག་ཙམ་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་འཆར་འགོད་ཤིག་རེད།

    དུས་སྐབས་གཅིག་དང་བྱ་བ་གཅིག་གིས་བཀག་འགོག་ཐེབས་ནས་མ་བསྡད་པར་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ། དུས་ཐུང་ནང་གྲུབ་འབྲས་ཐོབ་པར་དཀའ་བའི་བྱ་བ་ནུས་ཤུགས་ཡོད་རྒུས་བསྒྲུབ་རྒྱུ་ནི་མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིགས་བྱེད་པའི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་རེད།

    ཕུགས་ཞེས་པའི་ཡིག་འབྲུ་དེའི་ནང་བརྟན་སྲུང་གི་གོ་དོན་ལྡན་ཞིང་། དེར“བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”བློ་རྒྱ་ཡོད་ལ“བྱས་འབྲས་འཇོག་པར་ང་ཡིས་འབད་པའི”སྙིང་སྟོབས་ཀྱང་ཡོད།

    མ་འོངས་པའི་གྲོང་ཁྱེར་ཇི་ལྟར་སྐྲུན་དགོས་སམ། སྒྲོམ་གཞི་བཏིང་བ་དང་། རགས་དབྱིབས་བཀོད་པ། སྐས་རིམ་འཛེགས་དགོས་ཤིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཞུང་ཨན་ཁུལ་གསར་དུ་ཉིན་རེ་ལས་ཉིན་རེ་མ་འདས་པར་འགྱུར་ལྡོག་ཆེན་པོ་བྱུང་སྟེ“ས་ཆ་གཅིག”ལ“ས་བཀྲ་གཅིག”བཀོད་དེ“གྲོང་ཁྱེར་གཅིག”བསྐྲུན་པའི་བར་གྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པ་བཏོད་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཞུང་ཨན་ཁུལ་གསར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་བྱས་ན་17.1%འཕར་བ་དང་། རིམ་རྩིས་བརྒྱབ་ན་མ་འཇོག་ལས་འབོར་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་ཟིན་ཡོད།

    ས་མཐོར་ཉེན་ཁ་ཇི་ཙམ་ཡོད་དམ། དུས་ཡུན་རིང་པོའི་ནང་མཚོ་བོད་ས་མཐོ་དེ་ཉིད“ཐང་དཀར་རྒོད་པོ་ཁོ་ན་ལས་འཕུར་ལྡིང་མི་ཐུབ་པའི”ས་ཆ་ཞིག་ལ་བརྩི་ཡི་ཡོད། 1950ལོར་ལས་འགོ་བཙུགས་པ་དང་1954ལོར་རླངས་འཁོར་ཤར་གཏོང་ཐུབ་པའི་མཚོ་བོད་གཞུང་ལམ་ནས་འགོ་བཙུགས་ཏེ། འཛུགས་སྐྲུན་པ་མི་རབས་དུ་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། 2024ལོའི་ལོ་མཇུག་བར་བོད་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་བསྡོམས་འབོར་དང་ལྕགས་ལམ་འཁོར་སྐྱོད་ལམ་ཐག་སྤྱི་ལེ་ཁྲི་12.49དང་སྤྱི་ལེ་1359སོ་སོར་ཟིན་ཡོད། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ས་མཐོར་མི་འཕྲོད་པ་དང་གསོ་རླུང་མི་འདང་བ་སོགས་ཤི་གསོན་ལ་ཐུག་པའི་དཀའ་ངལ་མཐའ་དག་ལ་མི་སྐྲག་པར“མཁའ་ལམ”སོགས་རེ་རེ་བཞིན་བཏིང་ཡོད།

    རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན།

    “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་གྲབས་ཡོད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་མི་དམངས་དང་སེམས་པ་གཅིག་མཐུན་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།